R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 277
[A:277] གཉག་དབོན་བསོད་ནམས་བཟང་པོ། མཁན་ཆེན་སེང་གེ་དཔལ་བ། མཁན་ཆེན་རིན་ཆེན་བཟང་པོ། མཁན་ཆེན་ཆོས་གྲུབ་སེང་གེ །ལོ་ཆེན་རཏྣ་བྷ་དྲ། ལོ་ཆེན་འགྱུར་མེད་བདེ་ཆེན། ཆོས་གཏེར་དཀོན་མཆོག་ལེགས་པ། ཨེ་ཝཾ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། རྡོ་རྗེ་འཛིན་པའི་ས་བརྙེས་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་གོ ། ༈ འཇམ་དབྱངས་སྨྲ་བའི་སེང་གེ་ཡུམ་དབྱངས་ཅན་མ་སྔོན་མོ་བྱ་རྒྱུད་ལུགས་ལ་ཕ་དམ་པ་སངས་རྒྱས་ལུགས་ཀྱི་ལས་ཚོགས་མང་དུ་ཡོད་ཅིང༌། རྗེས་གནང་གི་ཡིག་ཆ་ཨེ་ཝཾ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་ནས་ཐོབ་པའི་རྗེས་གནང་གི་བརྒྱུད་པ་ནི། ཡང་དག་པ་རྫོགས་པའི་སངས་རྒྱས། དྲོང་ཉི་མའི་ཤིང་རྟ། བྲམ་ཟེ་རིག་བྱེད་གཞོན་ནུ། དབྱངས་ཅན་བཟང་པོ། རྒྱ་གར་དམ་པ་སངས་རྒྱས། དརྤན་ཨཱ་ཙརྱ། མཆིམས་ནམ་མཁའ་གྲགས། དབུས་པ་གཞོན་ནུ་བྱང་ཆུབ། ཉང་སྟོད་པ་ཚུལ་ཁྲིམས་གཟུངས། མཁས་བཙུན་དོན་གྲུབ་རིན་ཆེན། དེ་ཝ་རཱ་ཛ། སློབ་དཔོན་གཉན། མཁན་པོ་ཚུལ་ཁྲིམས་དགའ། བླ་མ་བཀྲ་ཤིས་དཔལ། བླ་བྲང་པ་བཟང་པོ་དཔལ། ཆོས་རྗེ་ཉི་མ་རྒྱལ་མཚན། རོང་སྟོན་ཤཱཀྱ་རྒྱལ་མཚན། པཎ་ཆེན་བཀྲ་ཤིས་རྣམ་རྒྱལ། སེམས་དཔའ་ཆེན་པོ་བསོད་ནམས་ལྷ་དབང༌། མཐུ་སྟོབས་དབང་ཕྱུག་ཀུན་དགའ་བཀྲ་ཤིས། པཎ་ཆེན་
ཀརྨ་ཕྲིན་ལས་ཆེ་བའང་ཟེར་
ཕྱོགས་ལས་རྣམ་རྒྱལ། གྱེར་གྱི་སྔགས་འཆང་བསོད་ནམས་དགེ་ལེགས། རིགས་འཛིན་ཆེན་པོ་བསོད་ནམས་རྣམ་རྒྱལ། དཔལ་ཨོ་རྒྱན་བསྟན་འཛིན་ཆོས་ཀྱི་སྒྲོན་མེ། རིགས་འཛིན་ཆེན་པོ་ཀརྨ་གུ་རུ། ཆོས་བརྒྱད་རང་གྲོལ་ནམ་མཁའ་ཆོས་དབང༌། ཁྱབ་བདག་ཁྲ་ཚང་པ་ཆེན་པོ་བློ་གྲོས་མཆོག་གི་རྡོ་རྗེ། མགོན་པོ་བསོད་ནམས་མཆོག་ལྡན། རྩ་བའི་བླ་མ་རྒྱལ་དབང་ཐམས་ཅད་མཁྱེན་པ། དེས་བདག་གོ །ཡང་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི། ཕ་དམ་པ་ནས། ཁ་ཆེ་གུ་ཧྱ་པ། གླན་སྒོམ་ཡབ་སྲས། བླ་མ་འོད་ཟེར་ཤཱཀྱ།