R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 288
[A:288]བཟང་བ། བླ་མ་གྲགས་པ་དཔལ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། ཆོས་རྗེ་རྡོ་རྗེ་འཆང༌། རྒྱལ་ཚབ་ཀུན་དབང༌། དཀོན་མཆོག་འཕེལ། དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནམ་མཁའ་དཔལ་བཟང༌། ཤར་ཆེན་ཀུན་དགའ་བཀྲ་ཤིས། ཐར་རྩེ་ནམ་མཁའ་སངས་རྒྱས། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་ན་ངོར་ཆེན་ནས། གུ་གེ་པཎ་ཆེན། གློ་བོ་མཁན་ཆེན། འཇམ་དབྱངས་ཀུན་དགའ་བསོད་ནམས། དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན། དཀོན་མཆོག་ལྷུན་གྲུབ། དཀོན་རྒྱམ། སངས་རྒྱས་རྒྱལ་མཚན། ཨ་མེས་ཞབས་དྲུང༌། དེས་བདག་ཕྲིན་ལས་པ་ལའོ། ༈ །སྒྲུབ་ཁང་པ་
སླར་ཞུ་རྒྱུ་
དཔལ་ལྡན་དོན་གྲུབ་ཀྱིས་གོན་བ་ཆོས་རྗེའི་དོན་དུ་མཛད་པའི་སེང་གེ་སྒྲའི་བསྙེན་ཐབས་ཀྱི་བརྒྱུད་པ་ནི། མཁས་པ་དཔལ་ལྡན་དོན་གྲུབ། ཐར་རྩེ་ནམ་མཁའ་སངས་རྒྱས། དྲིན་ཅན་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། ༈ །པདྨའི་རིགས་ཀྱི་ཡུམ་སེང་ལྡེང་ནགས་སྒྲོལ་གཙོ་རྐྱང་གི་རྗེས་གནང་ལུང་གསུམ་གྱིས་འཆིང་བ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། རྗེ་བཙུན་སྒྲོལ་མ། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། བླ་མ་བསོད་ནམས་སྐྱབས། སྔགས་འཆང་གཟུངས་ཀྱི་དཔལ་བ། རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་པ་རྡོ་རྗེ་འཆང༌། མུས་ཆེན་སེམས་དཔའ་ཆེན་པོ། ཆོས་རྗེ་དཔལ་ལྡན་རིན་ཆེན། རྗེ་བཙུན་སྒོ་རུམ་པ་ཆེན་པོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། རྗེ་བཙུན་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། ཞ་ལུ་མཁན་ཆེན། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། དེས་བདག་གོ །ཡང་ན་རྗེ་བཙུན་སྒྲོལ་མ། ཇོ་བོ་ཆེན་པོ་