R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 107
[A:107]རྗེ་འཆང༌། བདག་མེད་མ། བིརྺ་པ། ཌོམྦྷི་པ། ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ༑ བསོད་སྙོམས་པ་རྒྱལ་བ་དཔལ་ཡེ་ཤེས། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་ལོ་ཙཱ། མངའ་རིས་གསལ་སྙིང༌། སྒྱི་ཆུ་བ་དགྲ་བླ་འབར། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། འཇམ་དབྱངས་ས་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་མདོ་སྡེ་དཔལ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་སྒོ་བ། རྗེ་བཙུན་བྲག་ཐོག་པ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། མཁས་གྲུབ་རྣམ་རྒྱལ་རིན་ཆེན། ཡོངས་འཛིན་ཤཱཀྱ་ཀུན་དགའ། ཀུན་སྤངས་རིན་ཆེན་དབང་སྒྲོལ་
ཡར་རྒྱབ་པའི་ཞལ་ངོ་བཙུན་མོ།
བླ་ཆེན་ཡེ་ཤེས་དབང་པོ༑ གཡུ་ལོ་བཀོད་པ་རྒྱལ་མཚན་རྡོ་རྗེ། རྩ་བའི་བླ་མ་པཎ་ཆེན་བསོད་ནམས་མཆོག་ལྡན། དེས་བདག་ལའོ། ༈ །གཉིས་པ་དགྱཻས་པ་རྡོ་རྗེ་ནག་པོ་ལུགས་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྒྱ་གཞུང་ལ་ཐམས་ཅད་མཁྱེན་པའི་གསུང་མཆན་བཞིན། འཇམ་དབྱངས་བྱང་དབང་གི་ངག་འདོནདཀྱིལ་ཆོག་རྒྱ་གཞུང་ལ་ཐམས་ཅད་མཁྱེན་པའི་གསུང་མཆན་བཞིན། ངག་འདོན་ཉི་གླིང་རྗེའི་ནས། དབང་བཞི་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། ནག་པོ་དམ་ཚིག་རྡོ་རྗེ། བྲམ་ཟེ་ནག་པོ་པ། འགོས་ལོ་ཙཱ་བ། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་དགྲ་ལྷ་འབར། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། དཀར་ཤཱཀྱ་གྲགས། བན་སྡེ་ལུང་པ་ཀུན་བཟང་དཔལ། བླ་མ་དྷརྨ་ཡེ་ཤེས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེར་རྡོར། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། མཁས་གྲུབ་རྣམ་རྒྱལ་རིན་ཆེན། བླ་མ་ཨུར་རྒྱན་རྒྱལ་པོའཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཛིན་