R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 302
[A:302]ཤཱཀྱ་ཀུན་དགའ། རྗེ་དགེ་འདུན་ལེགས་གྲུབ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ཞབས། ༈ རྡོ་རྗེའི་རིགས་ཀྱི་བདག་པོའི་སྐོར་ལ། ཁྲོ་བོ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་སྟོང་ཕྲག་བཅུ་དྲུག་པ་ལས་གསུངས་པ་སེམས་དཔའ་སུམ་བརྩེགས་
སྔགས་ཧཱུྃ་བཛྲ་ཕཊ། ཁོ་ནའོ། །གུར་ནས་གསུངས་པ་དང་མི་བསྲེའོ། །
ཀྱི་སྒྲུབ་ཐབས་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པས་མཛད་པ་ནས་རྗེས་གནང་
ལུ་གསུམ་གྱིས་འཆིང་བ་
ཐོབ་པའི་ཉེ་བརྒྱུད་ནི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད། སོའི་སྔགས་འཆང་ཆེན་པོ་ཤཱཀྱ་དཔལ། རྡོ་རྗེ་གདན་པ་ཆེན་པོ། ཆོས་དཔལ་པ། ཆོས་རྗེ་རིན་ཆེན་དཔལ་བཟང༌། ཆོས་རྗེ་ལྷ་དབང་བློ་གྲོས། མཁས་པའི་དབང་པོ་གཞུང་ལུགས་རབ་འབྱམས་གསུང་བ་རབ་འབྱམས་པ་དཔལ་ལྡན་དོན་གྲུབ། རྗེ་དབང་ཕྱུག་རྒྱལ་མཚན། རྗེ་བཙུན་ཀུན་དགའ་བཀྲ་ཤིས། དེས་བདག་གོ ༈ །རྡོ་རྗེ་གུར་ནས་གསུངས་པའི་འབྱུང་འདུལ་བ་རི་ལོ་ཙཱ་ནས་བརྒྱུད་པ། ས་ཆེན་
སྔགས་འདི་ཁོ་ན་གུར་ནས་གསུངས་ཤིང་དག་པ་ནི། ཨོཾ་བྷུ་ཏ་ཌ་མ་ར། བྷུ་ཏ་ཨ་དྷི་པ་ཏི༑ ཨཀྵོ་བྷྱ་ཀི་རི་ཊི་ན། སརྦྦ་བྷུ་ཏ་པྲེ་ཏ་པི་ཤཱ་ཙི་སཱདྷ་ཡ་ཧཱུྃ་ཕཊ་
ཀུན་དགའ་བསོད་ནམས་ལ་ཡང་ཞུས་
པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཌཱ་ཀི་དྲི་མེད་གཟི་བརྗིད། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་རིན་ཆེན་གྲགས། ས་ཆེན། རྩེ་མོ། གྲགས་པ། མཆིམས་ཆོས་ཀྱི་སེང་གེ །འཇམ་གསར། རྒ་ལོ་རྣམ་རྒྱལ་རྡོ་རྗེ། རོང་པ་ཤེར་སེང༌། བག་སྟོན། ཚུལ་རྒྱལ་བ། དཔལ་ལྡན་ཚུལ་ཁྲིམས། ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང༌། ཀུན་དགའ་དབང་ཕྱུག །དཀོན་མཆོག་འཕེལ། ས་ལོ་ཀུན་དགའ་བསོད་ནམས། རྗེ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནམ་མཁའ་དཔལ་བཟང༌། སྔགས་འཆང་གྲགས་པ་བློ་གྲོས། ཨ་མེས་ཀུན་དགའ་བསོད་ནམས། དེས་བདག་གོ །ཡང༌། སངས་རྒྱས། ཡེ་ཤེས་མཁའ་འགྲོ་མ། ཨ་བྷྱ་ཀ་ར། ཤུབྷཾ་ཀ་ར་གུཔྟ། སུ་ཙ་ཏི་གུཔྟ། རཏྣ་རཀྵི་ཏ། གོ་ཏཾ་ཤྲཱི། ཀཱིརྟི་པཎྜི་ཏ། ལོ་ཙཱ་གྲགས་རྒྱལ། རྒྱལ་མཚན་རིན་ཆེན། གར་ཐིག་པ་བསོད་རྒྱལ། བཀའ་བཅུ་གཞོན་ནུ་སེང་གེ །མགོན་པོ་འབུམ། དཔལ་ལྡན་ཚུལ་ཁྲིམས། ཤར་པ་ཡེ་ཤེས་རྒྱལ་མཚན། ངོར་ཆེན་མན་གོང་བཞིན་ནོ།