R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 109
[A:109]སྦྱར་བའི་དབང་བཞི་ཆུ་རྒྱུན་གཅིག་མ་དང་བཅས་པ་ཐོབ་ཅིང༌། འབྲིང་བསྡུས་གཉིས་ངེས་པར་ཐོབ་དགོས་ཚུལ་བསྐུར་ལུགས་བཅས་ཕྲ་མོ་གླེགས་བམ་དུ་དཔལ་ལྡན་བློ་གྲོས་བརྟན་པས་བཤད་པ་ལྟར་ལན་བདུན་ཐོབ་པའི་བརྒྱུད་
འབྲིང་བསྡུས་གཉིས་ཀྱི་བརྒྱུད་པ་འོག་ཏུ་གསལ་ཡོད་
པ་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང༌། དཔལ་ཡེ་ཤེས་ཀྱི་མཁའ་འགྲོ་བདག་མེད་མ། མཐུ་སྟོབས་ཀྱི་དབང་ཕྱུག་མགོན་པོ་ཤྲཱི་བི་རཱུ་པ། ཤར་ཕྱོགས་ནག་པོ་པ། ཌ་མ་རུ་པ། ཨ་བ་དྷཱུ་ཏཱི་པ། པཎ་ཆེན་ག་ཡ་དྷ་ར། སྒྲ་བསྒྱུར་འབྲོག་མི་ལོ་ཙཱ། སེ་སྟོན་ཀུན་རིག །ཞང་དགོན་པ་བ། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་བསོད་ནམས་རྩེ་མོ། རྣལ་འབྱོར་དབང་ཕྱུག་གྲགས་པ་རྒྱལ་མཚན། གནས་ལྔ་རིག་པའི་ས་སྐྱ་པཎ་ཆེན། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ཡང་ས་སྐྱ་པཎ་ཆེན། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་
འཕན་ཡུལ་ཉན་པོ་དགོན་
བརྟན་པ། ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། དེ་ལ་ས་བཟང་མ་ཏི་པཎ་ཆེན་དང༌། ས་སྐྱ་བུ་སྟོན་དབང་ཕྱུག་དར། དེ་གཉིས་ཀ་ལ་ཐེག་ཆེན་ཆོས་ཀྱི་རྒྱལ་པོབྲག་ཐོག་པ་ཆེན་པོ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོམཁས་གྲུབ་རིགས་པའི་གློག་ཕྲེང༌། འཇམ་དབྱངས་བྱང་ཆུབ་དབང་རྒྱལཡོངས་འཛིན་ཤཱཀྱ་ཀུན་དགའབླ་མ་དམ་པ་ཡེ་ཤེས་དབང་པོརྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་ཕྲིན་ལས་རྣམ་རྒྱལ་ལའོ། །ཡང་ན། ཐེག་ཆེན་པ། མཁན་ཆེན་དཔལ་འབྱོར་བ། བྲག་ཐོག་པ་ཆེན་པོའོ། ༈ །གཞན་ཡང་བརྒྱུད་ལུགས་རྣམ་གྲངས་ཀྱིས་དབྱེ་ན། ཆོས་རྗེ་ས་པཎྜི་ཏ། གྲུབ་ཐོབ་ཡོན་ཏན་དཔལ། ལ་རུ་བསོད་ནམས་སེང་གེ །ཀུན་མཁྱེན་གངས་ཁྲོད་པ། མཁས་གྲུབ་འཕགས་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་ཆོས་ཀྱི་རྒྱལ་