R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 325
[A:325]ཕྱུག་གིས་ཟིན་བྲིས་སུ་མཛད་པའི་ལུང༌། ཕྱག་ལེན། ཞལ་ཤེས་རྣམས་དམར་ཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། གྲུབ་ཆེན་ཛ་ཧ་པིར། རྗེ་བཙུན་དྷྭ་མ་ནཱ་ཐ། རྗེ་བཙུན་ནུབ་ཕྱོགས་པ་
རྗེ་མཁྱེན་བརྩེའི་དབང་ཕྱུག་ལོ་བཅུ་བདུན་པའི་དུས་རྒྱ་གར་ནུབ་ཕྱོགས་ནཱ་གིརྐོ་ཊའི་རྒྱལ་པོའི་སྲས་འཆི་མེད་གྲུབ་པ་
མ་ཎི་ཀ་ནཱ་ཐ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་གཞོན་ནུ་སྟོབས་ལྡན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཞ་ལུ་པ་ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ། རྩ་བའི་བླ་མ་རིན་ཆེན་ཆོས་ལེགས། དེས་བདག་གོ །ཡང་ན་རྗེ་མཁྱེན་བརྩེ་ནས། འཕགས་མཆོག་བྱམས་པ་བསྐལ་བཟང༌། རྗེ་དབང་རབ་མན་སྔར་བཞིན་ནོ། ༈ །བཟང་སྤྱོད་ནས་གསུངས་པའི་དོན་སྣང་བ་མཐའ་ཡས་ཀྱི་ཉལ་སྒོམ་བདེ་བ་ཅན་དུ་སྐྱེ་བའི་འཕོ་བའི་དམིགས་རིམ་ས་སྐྱ་པཎྜི་ཏས་མཛད་པ་དང༌། ངག་འདོན་དུ་འདྲིལ་བ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པ་ནས་རྡོ་རྗེ་གདན་ཚོགས་ཆེན་དུ་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་འཇམ་དབྱངས། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པ། ཨ་བྷཱ་ཡཱ་ཀ་རའམ་འཇིགས་མེད་འབྱུང་གནས་སྦས་པ། རྡོ་རྗེ་གདན་པ་ཆུང་བ། དོན་ཡོད་རྡོ་རྗེའམ་ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་ཀུན་སྙིང༌། སློབ་དཔོན་རྩེ་མོ། གྲགས་པ། ས་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པའི་གཅེན་དོན་ཡོད་རྒྱལ་མཚན། འདུལ་འཛིན་བྱང་སེང་བ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། དེའི་དབོན་པོ། རྒྱལ་ཚབ་ཀུན་དབང༌། རྗེ་དཀོན་མཆོག་འཕེལ། ས་ལོ་འཇམ་དཔལ་རྡོ་རྗེ། རྗེ་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་རྒྱ་མཚོ། མུས་པ་སངས་རྒྱས་རྒྱལ་མཚན། བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས། མཚན་གཞན་ཨ་མེས་དྲུང༌། དེས་བདག་ལའོ། །