R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 344
[A:344]པའི་གཞུང་གཉིས། ས་རྒྱན་སྤྱོད་པའི་གཞུང་གཉིས། བསླབ་སྤྱོད་ལྟ་བའི་གཞུང་གཉིས་ལས། སློབ་དཔོན་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པའི་ལུང་བརྒྱུད་ནི། རྒྱལ་སྲས་ཞི་བ་ལྷ། མི་བརྗེད་གཟུངས་ཐོབ་ནས། རྔོག་ལོ་ཡན་འོག་སྤྱོད་འཇུག་བཞིན་ལས། སློབ་དཔོན་བློ་གྲོས་འབྱུང་གནས། ཕྱྭ་པ་ཆོས་སེང༌། སློབ་དཔོན་བསོད་ནམས་རྩེ་མོ། གཅུང་གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། ཕྱར་ཕུ་བ་བྱང་ཆུབ་དཔལ། མཁན་པོ་བདེ་བ་དཔལ། བཀའ་བཞི་གྲགས་གཞོན། བྱང་སེམས་བསོད་ནམས་གྲགས། ཀུན་མཁྱེན་བུ། ཡང་རྒྱལ་སྲས་ཞི་བ་ལྷ། ཨེ་ལ་དྷ་རི། དཔའ་བོའི་སྡེ། གསེར་གླིང་པ། ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ། བློ་གྲོས་གྲགས། དཔལ་ལྡན་གྲོ་མོ་ཆེ། ཞང་བཙུན་ཆེན་པོ། ཞང་སྟོན་ཆེན་པོ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རལ་གྲི་
འདི་རུ་བླ་མ་འགའ་མ་རྙཻད།
རབ་འབྱམས་དཔལ་ལྡན་དོན་གྲུབ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། བཀའ་རབ་འབྱམས་སྨྲ་བ་རིན་ཆེན་རྒྱ་མཚོ། དེས་བདག་གོ ༈ །རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལུང་བརྒྱུད་ནི། སྟོན་མཆོག་ཤཱཀྱའི་རྒྱལ་པོ། ལྷ་མཆོག་འཇམ་དཔལ་དབྱངས། ཞི་བ་ལྷ། པཎྜི་ཏ་མི་བརྗེད་གཟུངས་ཐོབ། ཛེ་ཏཱ་རི། ཟླ་གྲགས་ཆུང་བ། པུཎྱ་ཤྲཱི། བལ་པོ་ཀ་ན་ཀ་པ། སུ་མ་ཏི་ཀཱིརྟི། རྔོག་ལོ། ཞང་མཛེས། གཙང་ནག་པ། ཡང་ན་རྔོག །སློབ་དཔོན་བློ་གྲོས་འབྱུང་གནས། ཕྱྭ་པ་ཆོས་ཀྱི་སེང་གེ །གཙང་ནག་པ། དཔལ་ལྡན་གྲོ། ཀུན་མཁྱེན་མཆིམས་པ། ཟེའུ་གྲགས་བརྩོན། མཁན་ཆེན་གྲགས་པ་ཤེས་རབ། མཆིམས་བློ་བཟང་གྲགས་པ།
བར་འདིར་བླ་མ་འགའ་ཤས་མ་རྙེད།
རབ་འབྱམས་པ་དཔལ་ལྡན་དོན་གྲུབ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་ཚུལ་ཁྲིམས་ཞབས། དེས་བདག་གོ ༈ །དཔལ་གསང་འདུས་ཀྱི་