R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 350
[A:350]པོ་བསྐྱབས། །
༼དཱ༽
གོ་བདུན་རུ་སྦལ་དཀའ་ཐུབ་ལྔ་བརྒྱ་གྲོལ། །
༼དྷྱ༽
གོ་བརྒྱད་དཀའ་
ལས་བརྒྱ་ན་
ཐུབ་ལྔ་བརྒྱས་དགྲ་བཅོམ་ཐོབ། །
༼དཱ༽
གོ་དགུ་རྒྱལ་པོ་པདྨ་ཅན་གྱི་སྐབས། །བརྒྱ་ཕྲག་བསོད་ནམས་རབ་
ལས་བརྒྱ་དང་རྟོགས་བརྗོད་བརྒྱ་པ་ན་
གསལ་སྨོན་སེམས་བསྐྱེད། །
༼དྷྱ༽
བརྒྱ་གཅིག་སྔོ་བསངས་ཅན་
ལུང་སྨན་གཞི་ན་
གྱིས་ཕ་མ་བསྐྱངས། །
༼པྲ༽
བརྒྱ་གཉིས་སེང་གེས་
ལུང་སྨན་གཞི་ན་
དོན་མཐུན་ཉིས་འབུམ་བསྐྱབས། །
༼དཱ༽
བརྒྱ་གསུམ་དགའ་བའི་གོང་བུར་འཁྲུངས་པའི་རྒྱུད། །
༼དཱ༽
བརྒྱ་བཞི་རི་བོང་ཆོས་
ལུང་གཞི་ན་
ཀྱི་འཁོར་ལོ་བསྐོར། །བརྒྱ་ལྔ་རེ་བ་ཏི་ཡིས་རྒྱུ་འབྲས་བསྟན། །
༼བཱི༽
བརྒྱ་དྲུག་གསེར་གྱི་གོ་ཆ་འཁོར་ལོ་བསྒྱུར། །
༼པྲ༽
བརྒྱ་བདུན་ཁྱིམ་བདག་ཟས་གཙང་ལེགས་བཤད་འབྱིན། །
༼དཱ༽
བརྒྱ་བརྒྱད་སྤྲིན་གཞོན་འཁོར་ལོ་བསྒྱུར་རྒྱལ་ཐོབ། །
ཕར་ཕྱིན་དྲུག་གི་ངོས་འཛིན་རྒྱལ་དབང་བློ་བཟང་རྒྱ་མཚོའི་དགོངས་བཞེད་དེ།
དེ་དག་གི་ལུང་ཐོབ་པའི་བརྒྱུད་པ་ནི། ཆོས་རྒྱལ་དགེ་བའི་དབང་པོ། སྲས་ཟླ་བའི་དབང་པོ། པཎྜི་ཏ་ལཀྵྨཱི་ཀཱ་ར། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། གཅུང་བློ་གྲོས་བརྟན་པ༑ དབོན་པོ་ཆོས་སྐྱོང་དཔལ། སྤང་ལོ་ཙཱ་བ་བློ་གྲོས་བརྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་པ་རྒྱལ་མཚན། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། སྟག་ལུང་ཞབས་དྲུང་ངག་དབང་གྲགས་པ། ཀུན་སྤངས་རྣམ་རྒྱལ་གྲགས་པ། འབུམ་རབ་འབྱམས་པ་རིན་ཆེན་ཆོས་དབང༌། རབ་འབྱམས་ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག ། དཔལ་ཁང་ལོ་ཙཱ་བ། མང་ཐོས་ཆོས་ཀྱི་རྒྱ་མཚོམདོ་ཁམས་པ་ཡོན་ཏན་རྒྱ་མཚོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། འཇམ་དབྱངས་མཁྱེན་པའི་རྩེ་མོ། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། གཡུ་ལོ་བཀོད་པ་རྡོ་རྗེ་རྒྱལ་མཚན། ཁུ་སྟོན་ངག་དབང་རྣམ་རྒྱལ། དམ་པའི་ཆོས་ཀྱི་གན་མཛོད་རིན་ཆེན་རྒྱ་མཚོའི་སྡེ། དེས་བདག་གོ །ཡང་ན་དཔལ་ཁང་ལོ་ཙཱ། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། འཇམ་དབྱངས་མཁྱེན་པའི་རྩེ་