R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 115
[A:115]དུ་གསུངས་པའི་ཡི་གེ་བཞི་པོ་རྗེ་བཙུན་རིན་པོ་ཆེས་མཛད་པའི་བླ་མའི་རྣལ་འབྱོར་ཚར་གསུམ་ཁུག་
༼ཞ༽
པ་ལན་གཉིས་
ཐོབ།
ཨཥྟཱའི་བྱད་
༼ཞ༽
བཟློག །གོ་ཆ་ལྔ་བསྲུང༌། རྟེན་འབྲེལ་
༼ཞ༽
ལྔ་སྲུང༌། མན་ངག་བཤད་མཛོད་ཀྱི་བརྡ་ཆིག་བརྒྱུད་གསུང་ངག་ནས་གནང་ཞིང་དེའི་ལུང་སླར་མི་གནང་བ་དགོས་པ་ཅན་དང༌། སྒྲུབ་པའི་ལུང་སྦྱིན་ཏེ་དེ་དག་གི་བྱིན་བརླབས་དང༌། རྣལ་འབྱོར་དབང་ཕྱུག་གི་དགོངས་པ་གང་ཟག་རབ་ཐའི་ཉམས་ལེན་མངོན་རྟོགས་སྐད་ཅིག་མས་བསྐྱེད་པ་འཛིན་ཆོས་རྣམས་ཉམས་ལེན་སྙན་བརྒྱུད་བཞི་ལྡན་དམར་ཁྲིད་དུ་ཐོབ་པ་དང༌། གཞུང་རྡོ་རྗེ་ཚིག་རྐང་གི་བཤད་པ་མན་ངག་བཤད་མཛོད་ཀྱི་སྟེང་ནས་འཛིན་ཆོས་སུ་ཐོབ་པ་དང་
དེའི་ས་གཞུང་སྤྲོད་པ་མཁྱེན་རྩེ་ཚེ་དབང་ཀུན་མཁྱེན་གྱིས་མཛད་པ་རྣམས་སོ། །
དེ་དག་གི་ཁྲིད་ཚུལ་གྱི་རྣམ་གྲངས་ཉི་གླིང་རྗེའི་གསུང་ནི། ཇི་ལྟ་གནད་དྲུག་རབ་འབྲིང་བཅུ་གཅིག་ལ། །རིམ་བཞིན་ཀླུ་
འབྱུང་
མཚམས་
གཟུགས་
ཉི་ཤུའོ། །ལམ་ཟབ་འབྲིང་བསྡུས་འཁོར་འདས་ངོ་སྦས་དྲུག །བརྡ་དོན་གསུམ་སྟེ་ཁྲིད་ཚུལ་ཉེར་དགུའོ། །དེ་དག་གི་ཐུན་གྲངས་ནི། ཇི་ལྟ་མིག་
༡༢༢
ཉི་གནད་དྲུག་ལག་
༡༥༢
པ་ཚེས། །རབ་འབྲིང་མེ་
༦༣
རོ་བཅུ་གཅིག་བགྲོད་པ་
༤༢
ཆུ། །ལམ་ཟབ་རིག་བྱེད་
འབྲིང་པོ་རྒྱལ་
༢༤
བ་དང༌། །བསྡུས་པ་བསེ་
རུ་འཁོར་འདས་གཟུགས་
༥༡
དབང་པོ། །ངོ་སྤྲོད་ཡོན་ཏན་
སྦས་བཤད་འབྱུང་
བ་སྟེ། །དེ་རྣམས་བསྡོམས་ན་རི་རོ་
༤༦༧
རྒྱ་མཚོ་ཡིན། །ཀུན་གྱི་སྔོན་འགྲོར་ཐུན་གསུམ་རྗེས་ཆོས་གསུམ། ཁྲིད་ཚུལ་རྣམས་ཀྱི་ཐུན་གྱི་ངེས་པའོ། །བརྡ་དོན་གསལ་བར་ཐུན་དུ་ཡོད་སླར་དཔྱད། །རྡོ་རྗེ་ཚིག་རྐང་ལ་ཚེག་བར་དགུ་པར་བྱས་པའི་ཤླཽ་ཀ་དྲུག་ཅུ་རེ་བརྒྱད་ཡོད་ཅེས་སོ། ། ལུང་ཐོབ་པའི་སྐོར་ལ། ལམ་འབྲས་གླེགས་བམ། གུད་དུ་གསུངས་པ་དབང་ཆུ་སོགས། ཕྲ་མོ་གླེགས་བམ་ལ་གོང་མ་ལྔ་དང༌། རྗེས་འབྲང་ཉེར་གསུམ། ཟུར་