R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 365
[A:365]གསུམ་པའི་སྒྲུབ་ཐབས་མན་ངག་གི་ཆོ་ག་ཁམས་པ་བ་རི་ལོ་ཙཱ་རིན་ཆེན་གྲགས་ཀྱི་འགྱུར། བཅོམ་ལྡན་འདས་འཇམ་དཔལ་དབྱངས་དམར་སེར་ཕྱག་གཉིས་པའི་སྒྲུབ་ཐབས་བསྟན་པའི་འཁོར་ལོ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་བི་དྱ་པ་ཏྲ་དང་ལོ་ཙཱ་རིན་ཆེན་བཟང་པོས་བསྒྱུར་བ། བརྟན་པའི་འཁོར་ལོའི་སྒྲུབ་ཐབས་སློབ་དཔོན་བསྐནྟས་མཛད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་བའི་འགྱུར། ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་སྒྲུབ་ཐབས་བ་རི་བའི་འགྱུར།
དེ་གསུམ་བསྡོམས་པར་རྗེས་གནང་གཅིག །
ཚིག་ལྷུག་པའི་ཨ་ར་པ་ཙ་ན་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་བའི་འགྱུར། ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ་རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང་ལོ་ཙཱ་བ་རིན་བཟང་གི་འགྱུར།
འདི་གཉིས་དང་འོག་གི་འཕྲལ་དུ་ཉམས་སུ་མྱོང་བའི་སྒྲུབ་སྡེ་གསུམ་ལ་རྗེས་གནང་གཅིག།
རྣམ་དག་འཇམ་དཔལ་ལམ་འཇམ་དཔལ་རྡོ་རྗེ་སེར་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་བ་རི་བའི་འགྱུར། བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་དམར་པོ་ཕྱག་གཉིས་པ་གཙོ་འཁོར་ལྔའི་སྒྲུབ་ཐབས་སྒྱུར་བྱེད་གོང་འདྲ། འཇམ་དཔལ་ངག་གི་རྒྱལ་པོ་སེར་པོ་ཕྱག་གཉིས་པ་གཙོ་འཁོར་གཉིས་པའི་སྒྲུབ་ཐབས་བ་རི་བ་རཏྣ་ཀཱིརྟིའི་འགྱུར། འཇམ་དཔལ་རྒྱལ་པོ་རོལ་པ་དམར་སེར་ཕྱག་གཉིས་པའི་སྒྲུབ་ཐབས་འགྱུར་གོང་འདྲ། རིག་པ་འཛིན་པའི་སྡེ་སྣོད་ལས་གསུངས་པའི་འཇམ་དཔལ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་འགྱུར་གོང་འདྲ། རིག་པ་འཛིན་པའི་སྡེ་སྣོད་ལས་བསྡུས་པའི་འཇམ་དབྱངས་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་དོན་ཡོད་རྡོ་རྗེ་དང་བ་རི་བའི་འགྱུར། འཇམ་དཔལ་གྱི་ཤེས་རབ་སྦྱོར་བ་བ་རི་བའི་འགྱུར།
དེ་གསུམ་ལ་རྗེས་གནང་གཅིག །
གུར་ནས་གསུངས་པའི་འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེ་སེར་པོ་ཕྱག་དྲུག་པའི་སྒྲུབ་ཐབས་