R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 374
[A:374]ཞལ་ལྔ་ཕྱག་བཅུ་གཉིས་པའི་སྒྲུབ་ཐབས། ཤེས་རབ་བསྐྱེད་པ་པདྨའི་ཕྱག་གི་གཟུངས། ཉེ་བར་སྤྱོད་པ་དང་བཅས་པ་སྲན་མ་མ་ཥའི་ཞལ་གྱི་གཟུངས།
དེ་གཉིས་ལ་རྗེས་གནང་མེད།
སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པ་དཀར་པོ་ཕྱག་དྲུག་པ་ལྷ་ལྔའི་སྒྲུབ་ཐབས། འཇིག་རྟེན་གསུམ་པོ་དབང་དུ་བྱེད་པ་འཕགས་པ་བྷུགྨ་དམར་མོ་ཕྱག་གཉིས་པ་ལྷ་ལྔའི་སྒྲུབ་ཐབས་སློབ་དཔོན་ཤུ་ནྱ་ཏ་ས་མ་དྷི་བཛྲ་པཱ་དའི་ཞབས་ཀྱིས་མཛད་པ། དཔལ་ལྡན་འཇིག་རྟེན་མགོན་པོའམ་འཇིག་རྟེན་དབང་ཕྱུག་གི་
དོན་ཞགས་ཕྱག་བཅུ་པ། དྲུག་པ། བཞི་པ་རྣམས་ལ་ཐར་རྩེ་པ་རྗེས་གནང་མཛད་ཀྱང༌། རྡོ་རྗེ་གདན་པ་དང་ངོར་པ་སོགས་ཀྱི་གསན་ཡིག་ན་མེད་པས་དཔྱད་ཅེས་རྒྱལ་དབང་གསུང་ངོ་
སྒྲུབ་ཐབས། འཇམ་དབྱངས་བརྟན་པའི་འཁོར་ལོ་སེར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་བྷ་ཝསྐནྡྷས་མཛད་པ། དེའི་སྒྲུབ་ཐབས་ཚིག་ལྷུག་མ༑
དེ་གཉིས་ལ་རྗེས་གནང་གཅིག །
འཇམ་དཔལ་སེང་གེའི་སྒྲ་སེར་པོ་ཕྱག་གཉིས་པ་ལྷ་བཅུ་གཅིག་གི་སྒྲུབ་ཐབས། འཇམ་དབྱངས་ངག་གི་རྒྱལ་པོ་དམར་སེར་ཕྱག་གཉིས་ཀྱི་སྒྲུབ་ཐབས་པཎྜི་ཏ་དཔལ་ལྡན་ཡིད་བཞིན་ནོར་བུ་སྦྱིན་པས་མཛད་པ། ཡང༌། དེའི་སྒྲུབ་ཐབས་རྡོ་རྗེ་རྣལ་འབྱོར་མས་གསུངས་པ།
འདི་གཉིས་དང་འོག་གི་ཡི་གེ་གཅིག་མ་ལ་རྗེས་གནང་གཅིག །
སེང་གེའི་གདན་ལ་བཞུགས་པའི་ངག་གི་རྒྱལ་པོ་ཞེས་བྱ་བ་དམར་སེར་ཕྱག་གཉིས་པའི་སྒྲུབ་ཐབས། ཡང༌། ངག་གི་རྒྱལ་པོ་སེང་གེའི་གདན་ལ་བཞུགས་པ་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས།
དེ་གཉིས་ལ་རྗེས་གནང་གཅིག །
འཕགས་པ་འཇམ་དཔལ་ངག་གི་རྒྱལ་པོ་གསེར་ཞུན་ཕྱག་གཉིས་པ་གཙོ་འཁཽར་གཉིས་པའི་སྒྲུབ་ཐབས། ངག་གི་རྒྱལ་པོ་སེར་པོ་ཕྱག་གཉིས་པ་ལྷ་གསུམ་མའི་སྒྲུབ་ཐབས། ཤེས་རབ་འཕེལ་བའི་གཏེར་ངག་གི་རྒྱལ་པོ་ལྷ་གསུམ་མའི་སྒྲུབ་ཐབས་པཎྜི་ཏ་འཕྲོག་བྱེད་འཇོམས་པས་མཛད་པ་
ཡིད་བཞིན་ནོར་བུ་སྦྱིན་དང་ཞལ་ཕྱག་མཐུན།
བཅོམ་ལྡན་འདས་ཀྱི་ཆོ་ག་འདི་མཁས་པས་སྤྱོད་ལམ་གཙང་