R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 375
[A:375]མ་ཕུན་སུམ་ཚོགས་པས་འབུམ་ཕྲག་བདུན་བཟླ་བར་གསུངས་པའི་ངག་གི་རྒྱལ་པོ་གསེར་བཙོ་མའི་མདོག་ཅན་ཕྱག་གཉིས་པའི་སྒྲུབ་ཐབས། ཨ་ར་པ་ཙ་ན་དཀར་པོ་ཕྱག་གཉིས་པ་ལྷ་ལྔའི་སྒྲུབ་ཐབས་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ། ཡང་དེའི་སྒྲུབ་ཐབས་ཚིག་ལྷུག་པ།
དེ་གཉིས་ལ་རྗེས་གནང་གཅིག །
རྗེ་བཙུན་འཕགས་པ་འཇམ་དཔལ་སྒོམ་པའི་མན་ངག་ཅེས་པ་ཨ་ར་པ་ཙ་ན་དམར་པོ་ཕྱག་གཉིས་པ་ལྷ་ལྔའི་སྒྲུབ་ཐབས། འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ན་དཀར་པོ་ཕྱག་གཉིས་པ་གཙོ་འཁོར་ལྔའི་སྒྲུབ་ཐབས། འཇམ་དཔལ་དཀར་པོ་ལྷ་ལྔའི་སྒྲུབ་ཐབས་ཚིགས་བཅད་མ།
འདི་ལ་རྗེས་གནང་མེད།
གུར་ནས་གསུངས་པའི་ཡན་ལག་མེད་པའི་རྡོ་རྗེ་སེར་པོ་ཕྱག་དྲུག་པའི་སྒྲུབ་ཐབས། ཡང༌། འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས།
དེ་གཉིས་ལ་རྗེས་གནང་གཅིག །
ཆོས་དབྱིངས་ངག་གི་དབང་ཕྱུག་དཀར་པོ་ཞལ་བཞི་ཕྱག་བརྒྱད་པའི་སྒྲུབ་ཐབས། ཆོས་དབྱིངས་ངག་གི་དབང་ཕྱུག་དམར་པོ་ཞལ་བཞི་ཕྱག་བརྒྱད་པའི་སྒྲུབ་ཐབས་ཀྱི་དབང་དུ་བྱ་བའི་ཆོ་ག །སེམས་ཅན་ཐམས་ཅད་དབང་དུ་བྱེད་པའི་ཏིང་ངེ་འཛིན།
འདི་ལ་རྗེས་གནང་མེད།
ཆོས་ཀྱི་རྗེས་སུ་འབྲང་བ་འདི་དང་ཆོས་ཀྱི་ཏིང་ངེ་འཛིན་གྱིས་མཚོན་པ་ཆོས་དབྱིངས་ངག་གི་དབང་ཕྱུག་དཀར་པོའི་སྒྲུབ་ཐབས།
འདི་ལ་ཆོས་དབྱིངས་གསུང་དབང་དཀར་པོ་ཡང་ཟེར། ཆོས་ཀྱི་དུང་གི་ཏིང་ངེ་འཛིན་ཀྱང་ཟེར། འོག་གི་ཆོས་ཀྱི་དུང་གི་ཏིང་ངེ་འཛིན་གྱི་འཇམ་དཔལ་གྱི་རྗེས་གནང་ཡང་འདི་གས་འཐུས་པའི་ལུགས།
ཨ་ར་པ་ཙ་ན་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས། ངག་གི་རྒྱལ་པོ་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས།
དེ་གཉིས་ལ་རྗེས་གནང་གཅིག།
འཇམ་དཔལ་དབྱངས་དཔའ་བོ་གཅིག་སྒྲུབ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས།
འདི་དང་འོག་གི་གཅིག་སྒྲུབ་གཉིས་ཏེ་གསུམ་ལ་རྗེས་གནང་གཅིག །
ངག་གི་དབང་ཕྱུག་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་རྒྱལ་པོ་ཆེན་པོ་རོལ་པ་སེར་པོ་ཕྱག་