R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 382
[A:382]
གནང་གཅིག །
རྨ་བྱ་ཆེན་མོའི་སྒྲུབ་ཐབས། འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་པའི་སྒྲུབ་ཐབས། འཕགས་མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་པའི་སྒྲུབ་ཐབས། འཕགས་མ་བསིལ་བའི་ཚལ་ཞེས་བྱ་བའི་སྒྲུབ་ཐབས། ལྷ་མོ་ལྔའི་སྒྲུབ་ཐབས་མདོར་བསྟན་པ།
གངྒཱའི་ཆུ་རྒྱུན་ན་ལྷ་མོ་ལྔའི་རྗེས་གནང་རྒྱུན་ཆད་པར་བཤད། གོང་དཀར་བའི་ལུགས་ལྷ་ལྔ་ལ་རྗེས་གནང་གཅིག་མཛད་དོ། །
ཕྱིར་བཟློག་མ་ཆེན་མོ་ནག་པོ་ཕྱག་དྲུག་པའི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ནག་མོ་ཞལ་གསུམ་ཕྱག་བཞི་མའི་སྒྲུབ་ཐབས། གཞན་གྱིས་མི་ཐུབ་པ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། རྡོ་རྗེ་གནྡྷ་རི་ནག་མོ་ཞལ་དྲུག་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས་ལེ་ཚན་གཉིས་
ལ་རྗེས་གནང་གཅིག །
བསྲུང་བ་ལྔའི་ཆོ་ག །རྡོ་རྗེ་ལྕགས་སྒྲོག་མ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། རྡོ་རྗེ་ལྕགས་སྒྲོག་ཞལ་གསུམ་ཕྱག་བརྒྱད་མའི་སྒྲུབ་ཐབས། ཡང་དེའི་སྒྲུབ་ཐབས་ཀྱི་ཆོ་ག །
དེ་གཉིས་ལ་རྗེས་གནང་གཅིག །
རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སེར་མོ་ཞལ་བཞི་ཕྱག་བཞི་མའི་སྒྲུབ་ཐབས་པཎྜི་ཏ་ཆོས་ཀྱི་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་སྒྲུབ་ཐབས་ཚིགས་བཅད་ལྷུག་གཉིས་
ལ་རྗེས་གནང་གཅིག །
ནོར་རྒྱུན་མ་སེར་མོ་ཕྱག་གཉིས་མ་ལྷ་ལྔའི་སྒྲུབ་ཐབས། གུར་ནས་གསུངས་པའི་ནོར་རྒྱུན་མ་གཙོ་རྐྱང་གི་སྒྲུབ་ཐབས་གཉིས་
ལ་རྗེས་གནང་གཅིག །
དེའི་གཟུངས་ཀྱི་མན་ངག །
རྗེས་གནང་མེད།
རྡོ་རྗེ་ཕག་མོ་ལྷ་ལྔའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་ཨ་བ་དྷཱུ་ཏཱི་པ་དཔལ་ལྡན་གཉིས་མེད་རྡོ་རྗེའི་ཞབས་ཀྱིས་མཛད་པ།
རྒྱུད་སྡེ་བླ་མེད་དུ་གཏོགས།
ཕག་དཀར་ཤེས་རབ་སྣང་བའི་སྒྲུབ་ཐབས་སློབ་དཔོན་ཀོངྐ་སྦྱིན་གྱིས་མཛད་པ།
བླ་མེད།
རྡོ་རྗེ་ཕག་མོ་དབང་དུ་བྱ་བའི་ཆོ་ག །
བླ་མེད། རྗེས་གནང་མེད།
དཔལ་རྡོ་རྗེ་ཕག་མོའི་རྟོག་པ་དོན་ཐམས་ཅད་འགྲུབ་པ། དེའི་ཕག་དམར་ཕྱག་བཞི་མ་ལྷ་ལྔའི་སྒྲུབ་ཐབས།
བླ་མེད། དེ་གཉིས་ལ་རྗེས་གནང་གཅིག །
རྣམ་སྣང་སྒྱུ་དྲ་ནས་