R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 384
[A:384]སྒྲུབ་ཐབས།
བླ་མེད།
བགེགས་མཐར་བྱེད་ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབས། ཧཱུཾ་མཛད་ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབས། སྟོབས་པོ་ཆེ་དམར་པོ་ཕྱག་བཞི་པའི་སྒྲུབ་ཐབས།
འདི་མན་བླ་མེད་དུ་གཏོགས།
ཧེ་རུ་ཀ་སྔོན་པོ་ཕྱག་གཉིས་པ་དཔའ་གཅིག་གི་སྒྲུབ་ཐབས། དགྱེས་རྡོར་སྔོན་པོ་ཕྱག་གཉིས་པ་ཡུམ་བཅས་ཀྱི་སྒྲུབ་ཐབས་ཏཱ་ར་ཤྲཱིས་མཛད་པ༑ བདག་མེད་མ་རྐྱང་པའི་སྒྲུབ་ཐབས་ལེ་ཚན་གཉིས་
ལ་རྗེས་གནང་གཅིག །
དཔལ་ལྡན་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ། དེའི་སྒྲུབ་ཐབས་དམ་པ་ཐམས་ཅད་འདྲེན་པའི་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པ།
དེ་གཉིས་ལ་རྗེས་གནང་གཅིག །
ནག་པོ་གུར་གྱི་མགོན་པོའི་སྒྲུབ་ཐབས། དཔལ་ལྡན་ནག་པོ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས་རྣམས་ཀྱི་རྗེས་གནང་བསྡོམས་པ་དང༌། རྗེས་གནང་མེད་པ་རྣམས་མཆན་བུས་གསལ། དེ་དག་གི་ལུང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། སློབ་དཔོན་ཨ་བྷ་ཡཱ་ཀ་ར་གུཔྟ། ཤུ་བྷཱ་ཀ་ར་གུཔྟ། པཱུ་ཛ་ཏི་གུཔྟ། རཏྣ་རཀྵི་ཏ། གཽ་ཏཾ་ཤྲཱི། པཎྜི་ཏ་ཀཱིརྟི་ཙནྡྲ། ཡར་ཀླུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། བླ་མ་རྒྱལ་མཚན་རིན་ཆེན། གར་ཐིག་པ་བསོད་ནམས་རྒྱལ་མཚན། བཀའ་བཅུ་བ་གཞོན་ནུ་སེང་གེ །བླ་མ་མགོན་པོ་འབུམ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་གོ་རམས་བསོད་ནམས་སེང་གེ །རྗེ་དཀོན་མཆོག་འཕེལ། རྒྱལ་བ་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ །ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། རྗེ་མཆོག་ལེགས་རྡོ་རྗེ། རྗེ་མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཛིན་བྱམས་པ་ངག་དབང་ལྷུན་གྲུབ། དེས་བདག་གོ །བསྐུར་ཆོག་རིན་ཆེན་སྒྲོན་མའི་ལུང་བརྒྱུད་ནི། ནམ་མཁའ་དཔལ་བཟང༌། མཆོག་ལེགས་རྡོ་རྗེ་མན་འདྲའོ། །སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པའི་