R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 385
[A:385]ཨཥྟའི་ཚིགས་བཅད་ཀྱི་ལུང་བརྒྱུད་ས་སྐྱ་བཀའ་འབུམ་བཞིན་ནོ། །སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་གཙུག་ཏོར་རྣམ་རྒྱལ་མའི་བསྟོད་པའི་ལུང་བརྒྱུད་འཕགས་པ་རིན་པོ་ཆེའི་བཀའ་འབུམ་བཞིན་ནོ། །འཇམ་དཔལ་དཀར་པོའི་བསྟོད་པ་དོན་ཟབ་སྔགས་ཀྱི་དང༌། མ་ཏིས་མཛད་པ་དང༌། ཡང་གང་བློ་མ་རྣམས་ཀྱི་ལུང་བརྒྱུད་རྗེ་བཀའ་འགྱུར་བ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཁམས་པ་རྗེ་བཙུན་རྒྭ་ལོ་ལ་རྒྱ་གར་དུ་ཇོ་བོ་ཁ་སར་པཱ་ཎིས་གནང་བའི་ཀླུ་གཏོར་ལོ་རྒྱུས་དང་བཅས་པའི་ལུང་བརྒྱུད་ནི། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། དཔལ་རྒྭ་ལོ། བར་འདིར་བརྒྱུད་པ་ཁ་ཤས་མ་རྙེད། དེ་ནས་སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རྗེ་དུ་མ་རང་གྲོལ། ངག་དབང་ཡེ་ཤེས་གྲུབ་པ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། མཁྱེན་བརྩེའི་མངའ་བདག་ངག་དབང་བློ་བཟང་རྒྱ་མཚོ། ཐུགས་རྗེའི་གཏེར་ཆེན་མགོན་པོ་བསོད་ནམས་མཆོག་ལྡན།
བྱམས་པ་བསྟན་པ་རྒྱ་མཚོ། དགེ་སློང་ཀུན་དགའ་སྦྱིན་པ། ཕུན་ཚོགས་རྣམ་རྒྱལ། རོང་པ་དཀོན་མཆོག་སྦྱིན་པ། བྱམས་པ་ཕུན་ཚོགས་ཆོས་འཕེལ། དེས་བདག་ངག་མིང་ལའོ། །
རྡོ་རྗེ་འཆང་རིན་ཆེན་རྒྱ་མཚོ། དེས་བདག་གོ ། གྲུབ་ཆེན་ས་ར་ཧས་མཛད་པའི་ཕྱག་ཆེན་དོ་ཧ་ས་གཞུང་སྤྲད་པའི་གཞུང་དངོས་མཆན་བུར་བྲིས་པ་དང་བཅས། རྣལ་འབྱོར་དབང་ཕྱུག་བིརྺ་པས་མཛད་པའི་དོ་ཧ་མཛོད་ས་གཞུང་སྤྲད་པའི་གཞུང་དངོས་མཆན་བུར་བྲིས་པ་དང་བཅས་པའི་ལུང་ནི། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ །
བསྡུས་དོན་འདི་གཉིས་ལ་གྲུབ་ཐོབ་པར་ཕུ་བའི་འགྲེལ་པ་རེ་ཡོད།
སྒྲོལ་མ་རྩ་གཅིག་ལྷ་མོ་ལ་གུས། དགེ་སློང་མ་དཔལ་མོས་མཛད་པའི་སྒྲོལ་གསོལ་བཅས་བླ་མ་དམ་པ་རིན་ཆེན་རྒྱ་མཚོ་ལ་ཞུས། སློབ་དཔོན་ཆེན་པོ་ཉི་མ་སྦས་པས་མཛད་པ་སྒྲོལ་རྣམ་དག་གཙུག་ནོར་མའི་ལུང་བརྒྱུད། ཆོས་རྗེ་བཀའ་འགྱུར་བ༑ རྡོ་རྗེ་འཆང་ཉི་མ་གླིང་པ། དེས་བདག་གོ །དབྱུ་གུ་མ་དཔུན་༼སྤུན་༽གསུམ་གྱི་ཚེ་དང་