R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 119
[A:119]རྒྱུད་གདན་སོགས་ལུས་དཀྱིལ་འཆི་ལྟས་བརྟག །སྣང་བསྒྱུར་ཐིག་ལེ་ཕྱག་རྒྱ་འདའ་ཁ་མ༑ ༑བར་དོ་ལམ་དུས་ཚད་མ་གདམས་ངག་དྲུག །རྟེན་འབྲེལ་སྦྱིན་སྲེག་ཁྲུས་ཚ་བསྲུང་ཡིག་བརྒྱ། །རླུང་སྦྱོར་ཡི་གེ་འཁོར་བཞི་དབང་ཕྱུག་དོན། །མངོན་རྟོགས་དོན་བསྡུས་ཡི་གེ་ཉེར་གསུམ་མོ། །ཞེས་སོ། །དེ་དག་ཀྱང་གསལ་ན། ཀུན་གཞིའི་ཡིག་ཆུང༌། གདན་གྱི་ཡིག་ཆུང༌། ལུས་དཀྱིལ་ཡི་གེ །འཆི་ལྟས་བརྟག་པ་འཆི་བླུ་དང་བཅས་པ། སྣང་བ་བསྒྱུར་བའི་འདའ་ཁ་མ། གསང་དབང་གི་ཐིག་ལེའི་རྣལ་འབྱོར། ཤེས་རབ་ཡེ་ཤེས་ཀྱི་ཕྱག་རྒྱའི་མཚན་ཉིད། དབང་བཞི་པའི་ཕྱག་རྒྱ་ཆེན་པོ་ནས་འཕོ་བ། ཞར་བྱུང་བར་དོའི་ཡིག་ཆུང༌། ལམ་དབང་རྒྱས་པ། ཚད་མ་བཞི། གདམས་ངག་དྲུག །རྟེན་འབྲེལ་ལྔ། གྲིབ་སེལ་སྦྱིན་སྲེག །གྲིབ་མ་ཁྲུས་དང་ཚ་ཚས་སེལ་བ། འཛག་པ་དྲུག་སེལ་བ༑ ཡིག་བརྒྱ་འདོན་ཐབས། རླུང་སྦྱོར་བདུན་གྱི་ཡི་གེ །བྷ་གའི་ཡི་གེ་བཅུ་བཞི་གསལ་བ༑ འཁོར་བཞིའི་
སྔར་ས་དང་པོའི་ཞེས་པ་དེ་ཡིན། རྒྱ་གར་སྐད་དུ་ཡོད་པ་དེ་མིན་
རྒྱ། དབང་ཕྱུག་གི་དོན་བརྒྱད། ས་བཅུ་གསུམ་པའི་ཕྱེད་ཀྱི་མངོན་རྟོགས། དེ་ཐམས་ཅད་ཀྱི་བསྡུས་དོན་རྣམ་འགྲེལ་ཨ་སེང་མ་སྟེ་ཡི་གེ་ཉེར་གསུམ་པོའི་ལུང་ཐོབ། འཕྲོས་དོན་ལས་ཀྱང་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་རྩ་བ་དང་རང་འགྲེལ་གཉིས། བྱིན་བརླབས་ཀྱི་བརྒྱུད་པ་མ་ཉམས་པའི་ཐོ་ཡིག །
འདི་གུད་དུ་ཡོད་གསུངས་ཀྱང་གླེགས་བམ་ཕལ་ཆེར་ལ་འདུག་པས་ཁྲོད་རང་དུ་ཐོབ།
མཆོག་དབང་གསུམ་གྲོལ་ལམ་ལ་བརྟེན་ནས་བསྐུར་བ། དབང་གི་ཆོ་ག་མཐའ་དག་མདོར་བསྡུས་པ་མན་ངག་གི་གནད། ཕྱི་བསྐྱེད་པའི་རིམ་པ་མདོར་བསྡུས་པ་མངོན་རྟོགས་རྒྱས་འབྲིང་གི་ཁྱད་པར་དང་བཅས་པ་རྣམས་ཐོབ། རྩ་ལྟུང་འཁྲུལ་སྤོང༌། གཞན་ཡང༌། བདུད་རྩི་རིལ་བུ་སྒྲུབ་པའི་ཆོ་ག །བྱུང་རྒྱལ་དུ་མི་བཏང་བའི་གནད་རྣམ་པ་བཞི། བསམ་གཏན་འདོར་བའི་འཕྲང་བདུན་བསལ་བ། འབྱུང་བ་ལུས་འཁྲུགས་རླུང་དང་སྤྱོད་