R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 410
[A:410]བསྒོམ་རིམ། ནག་པོ་དཀྱིལ་ཆོག །སྒྲུབ་ཐབས་སྦྱིན་སྲེག །དེ་ཁོ་ན་ཉིད་གསལ་བ། ཨོ་ལ་པ་ཏི་སྟེ་ལྔ་ལ་ས་བཅད་རེ་རེ། ནག་པོ་པའི་ལོ་རྒྱུས་དང་སྤྱི་ཆིངས། དགྲ་ནག་གི་མངོན་རྟོགས། ཕུར་པའི་སྒྲུབ་ཐབས། ཕུར་པའི་ཐོ་ཡིག །གཞན་ཕན་འོད་ཟེར། སྦྱོང་རྒྱུད་སྤྱི་དོན། བསྡུས་དོན། དཔུང་བཟང་གི་མདོ་འགྲེལ། ལག་ན་རྡོ་རྗེའི་གཟུངས་ཀྱི་ལག་ཏུ་བླང་བའི་རིམ་པ། སྒྲུབ་ཐབས་བརྒྱ་རྩའི་ཊཱི་ཀ །རྒྱུད་འབུམ་གྱི་དཀར་ཆག ། ལས་དང་པོ་པས་ལག་ཏུ་བླང་བྱའི་རིན་ཆེན་ཕྲེང་བ་ཕྱག་ཡིག་དགུ་ཕྲུགས། སྤྱོད་འཇུག་བསྡུས་དོན། ཞེན་པ་བཞི་བྲལ་གྱི་མན་ངག །ཤཱཀྱའི་རྒྱལ་རབས། བོད་ཀྱི་རྒྱལ་པོའི་རྒྱལ་རབས། སྡེ་པའི་གྱེས་མདོ། འཁོན་གྱི་གདུང་རབས། དུས་ཚོད་ངེས་པར་བཟུང་བའི་ཡི་གེ །གཟའ་སྐར་འཕྲོད་མི་འཕྲོད་ཀྱི་རྩིས། ག་རིངས་རྒྱལ་པོ་ལ་རྩིས་དུར་དུ་བཏང་བའི་
རྡོ་རྗེ་གདན་བླ་བྲང་གི་ཕྱག་དཔེ་ལ་མེད་
ཡི་གེ །གསོ་དཔྱད་བདུད་རྩིའི་ཐིགས་པ། ཡེ་ཤེས་རྡོ་རྗེ་ལ་གདམས་པའི་མགུར། ཞེན་པ་བཞི་བྲལ་གྱི་མགུར། ཡེ་ཤེས་རྡོ་རྗེས་བསྙུན་གསོ་བའི་ལན་གྱི་མགུར། ཆོག་པ་དྲུག་གི་མགུར། གནས་བསྐོར་བ་ལ་གདམས་པ། རྨི་ལམ་ཉམས་ལེན་བརྒྱད་ཀྱི་མགུར། ཕྱག་རྒྱ་ཆེན་པོ་ངང་དྲུག་གི་མགུར། འཁོར་བའི་ཉེས་དམིགས་ཀྱི་མགུར། ཚལ་པ་བརྒྱད་ཀྱི་མགུར། ཚལ་པ་བཅུའི་མགུར། རང་ལ་རང་གིས་བསྐུལ་བའི་མགུར། ཉམས་དབྱངས་ཆེན་པོ་རྣམས་ཀྱི་བརྒྱུད་པ་༼ཁི༽ཡིག་རྟགས་ཡོད་པ་ལྟར་ན། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ། ཐེག་ཆེན་པ་སོགས། ཡང༌། ༼༽ཡིག་རྟགས་ཡོད་པ་ལྟར་ན། རྗེ་བཙུན་ཆེན་པོ། ས་པཎྜི་ཏ། དམར་ཆོས་རྒྱལ། གཞོན་ནུ་རྒྱལ་མཚན། བཀའ་བཅུ་བ་གཞོན་ནུ་སེང་གེ །མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། །༼༽ཡིག་གི་རྟགས་ཅན། ཀྱེ་རྡོར་མངོན་རྟོགས་རྒྱས་པ་ལ་མ་ལྟོས་པའི་འབྲིང་པོ། ལྟོས་པའི་འབྲིང་