R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 121
[A:121]ནའོ། ། འདིར་ལེགས་པར་དཔྱད་ན་ལུང་སྦྱོར་རྣམས་ཀྱི་ཁ་ཡིག་དང་མཇུག་དབྱུང་ནོར་བའི་གླེགས་བམ་མང་དུ་འདུག་པར་རྟོག་དཔྱོད་ཞིབ་པར་འཚལ་ལགས། དེ་ཡང་ལུང་སྦྱོར་གང་གི་མགོ་ན། སྤྱིར་ལམ་དང་འབྲས་བུ་ཐམས་ཅད་ཚད་མ་བཞི་དང་ལྡན་ཡང༌། ཞེས་ཡོད་པ་དེ་ལུང་འདི་ཉིད་དང་སྦྱར་བ་མདོར་བསྡུས་ཡིན་པས། མཐའ་དག་དང་མདོར་བསྡུས་ཞེས་བྲིས་པ་ནོར། རྗེ་བཙུན་རིན་ཆེན་དམ་པའི་གསུང་གང་ཞིག །ཅེས་ཡོད་པ་དེ་མཐའ་དག་དང་མདོར་བསྡུས་ཡིན། འབྲོག་རང་གིས་མཛད་པར་ཡང་གྲགས། འདི་གླེགས་བམ་དུ་ངེས་པར་ཚུད་དགོས། རྩེ་ཆེན་གང་གི་བློ་གྲོས་ཀྱིས། །ཞེས་སོགས་ཡོད་པ་དེ་རྩེ་མོས་མཛད་པ་འདི་ཉིད་དང་ཞིབ་ཏུ་སྦྱར་བ་ཤིན་ཏུ་རྒྱས་པ་གུད་ན་བཞུགས་པ་ཡིན་པ་ལ། འདི་གླེགས་བམ་ཁྲོད་དུ་བྱས་ནས། མདོར་བསྡུས་ཀྱི་ཁ་ཡིག་བྱས་པ། གྲགས་པའི་དཀར་ཆག་དང་འགལ། དེ་བས་ན་ལ་ལས་རང་བཟོ་ལ་གནོད་པས་བཅོས་བསླད་བྱས། ལ་ལས་ཁུངས་མ་ཆོད་པའི་སྣ་ཚོགས་སྤུ་ཚོགས་མང་དུ་འདུག་པས། རྗེ་པའི་དཀར་ཆག་དང་ཡང་བསྟུན་ནས་རྟོག་དཔྱོད་ཞིབ་པར་གནང་བ་ཞུ། ༈ ད་ནི་ཕྲ་མོའི་གླེགས་བམ་ལས་ལུང་ཐོབ་པ་ལ། གགས་སེལ་བཀའ་རྒྱ་མ། ཉམས་ཆེན་མ། གསང་བདུན་མ། ཀྱེ་རྡོར་ལུས་དཀྱིལ་དབང་ཆོག་
འདི་ལ་ཡབ་ཀྱི་བྱིན་བརླབས་ཟེར་རམ་བརྟག་གོ་
རྣམས་ས་ཆེན་གྱིའོ། །རྩེ་མོའི་ལུང་སྦྱོར་གླེགས་བམ་ཁྲོད་དུ་སོང་ངོ༌། །ལམ་འབྲས་བརྒྱུད་པའི་གསོལ་འདེབས་དང་དགའ་སྟོན་ལ་གདམས་པ་གཉིས་གྲགས་པའིའོ། །ས་པཎྜི་ཏའི་ཁྲིད་ཀྱི་དཀར་ཆག །ལམ་སྦས་བཤད། བརྡ་དོན་གསལ་བ། སྒྲུབ་པ་ལུང་སྦྱིན། ཨཥྟའི་གཞི་བཤད། ཕྱག་ཆེན་དབྱེ་བ། རྟེན་འབྲེལ་ལམ་རྫོགས། ཁྲིད་ཀྱི་ལུང་སྦྱོར། རླུང་ལྟས་བརྟག་པ། འཁོར་བཞིའི་རྒྱ། ས་པཎ་ཟིན་བྲིས། བླ་མའི་རྣལ་འབྱོར་ལིང་ཆུ་རྩེ་ཁབ་མ། བླ་མའི་རྣལ་འབྱོར་གུ་ཤྲི་ཇོ་འབུམ་རྣམས་ཐོབ། གཅེས་བསྡུས་དང༌། ཕྲ་བསྒྲུབ་སླར་