R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 419
[A:419]རིག་གཞན་ཕན་སྣང་བ་མཐའ་དཔྱད་དང་བཅས་པརྗེ་བཙུན་རྣམས་ལ་ཞུ་བའི་འཕྲིན་ཡིག
བརྒྱུད་པ་འོག་དང་འདྲ་ཚོད་ལས་བདག་གི་བླ་མ་ཕུན་ཚོགས་ཆོས་འཕེལ་གྱྀས་ཀུན་བཟང་དབང་འདུས་ལ་གསན། དེས་བདག་ལའོ། །༼
པ༽སྐབས་འདིར་འབྲེལ་བས་བསྟོད་འབུམ་ཞབས་བཏགས་མ། ༼པ༽གུར་གྱི་མདོས་ཆོག །༼པ༽ཞལ་གྱི་མདོས་ཆོག །༼པ༽པུ་ཏྲའི་མདོས་ཆོག །
གོང་མ་༼འདིར་མ་དཔེའི་ཡིག་འབྲུ་གསུམ་ངོས་འཛིན་མ་ཐུབ་༽དཀོན་མཆོག་སྦྱིན་པ། ཕུན་ཚོགས་ཆོས་འཕེལ། དེས་ངག་དབང་ལའོ། །འདི་རྣམས་ཀྱི་བརྒྱུད་པ་ཡངས་ཅན་ཀུན་དགའ་དབང་རྒྱལ་གྱི་གསན་ཡིག་ལྟར་ན། རྡོ་རྗེ་གདན་པ། རྣམ་རྒྱལ་མགོན་པོ། ཚེ་དབང་ཀུན་མཁྱེན། དབང་ཕྱུག་རྒྱལ་མཚན། རྣམ་རྒྱལ་དཔལ་བཟང༌། རིན་ཆེན་རྒྱ་མཚོ། བསྟན་པ་རྒྱ་མཚོ། ཕུན་ཚོགས་རྣམ་རྒྱལ། གྲུབ་གླིང་བསོད་ནམས་རྣམ་རྒྱལ། རོང་དཀོན་མཆོག་སྦྱིན་པ། བྱམས་པ་ཕུན་ཚོགས་ཆོས་འཕེལ། དེས་བདག་ངག་མིང་ལའོ། །
རུ་འདྲེན་སྡེ་བཞི། པུ་ཏྲ་བཅས་པའི་འཆམས་ཡིག །༼པ༽གཏོར་མ་ཞི་དྲག་གནམ་ལྕགས་འབར་བ། གུར་མགོན་དཀྱིལ་འཁོར་ཐིག་རྩ། ཞལ་གདམས་བཅའ་ཡིག་བསླབ་པ་ཀུན་ལས་བཏུས་པ། སྒྲུབ་ཐབས་བརྒྱ་རྩའི་བསྐུར་ཆོག་
འདི་བླ་མ་རིན་ཆེན་རྒྱ་མཚོ་ལ་ཞུས་ཉི་གླིང་རྡོ་རྗེ་འཆང་ལ་གསན་འདུག
ལམ་འབྲས་ཕྱག་མཆོད་ཀྱི། གང་གི་བློ་གྲོས་ཡིད་བཞིན་ནོར། །ནས། བྲག་ཐོག་ཆོས་རྗེ་ལ་ཕྱག་འཚལ། །བར་རོ། །འབྲི་གུང་མཁན་ཆེན་རྣམ་རྒྱལ་མགོན་པོའི་བཀའ་འབུམ་ལས། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་རྣམ་ཐར་རིན་ཆེན
་སླར་ཞུ་
ཕྲེང་བའི་བརྒྱུད་པ་ནི། སྣག་དབོན་མཛད་པ་པོ། མཁྱེན་རྩེ་ཚེ་དབང་ཀུན་མཁྱེན། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རིན་པོ་ཆེ་རྣམ་རྒྱལ་དཔལ་བཟང༌། མཁས་མཆོག་རིན་ཆེན་རྒྱ་མཚོ། དེས་བདག་གོ །མཁའ་སྤྱོད་གསོལ་འདེབས། འཁོར་འདས་བདེ་སྐྱིད་མ། ལོ་ཆེན་ཤེས་རབ་རིན་ཆེན་གྱིས་རྡོ་རྗེ་གདན་པ་ལ་བསྟོད་པ
སླར་ཞུ་
དཔལ་ལྡན་ལེགས་ཚོགས།
འཇམ་དབྱངས་བྱང་ཆུབ་དབང་རྒྱལགྱིས་མཛད་པ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་གཏེར་མཛོད་དང༌། དྲིས་ལན་རྨོངས་པའི་མུན་