R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 423
[A:423] བཞི་པ་ནི། ལམ་འབྲས་བྱིན་རླབས་ཀྱི་ཐོ། ཁྲིད་ཚུལ་ཐུན་གྲངས་ཀྱི་སྡོམ་ཚིག །སྒྲོལ་དཀར་ཚེ་ཁྲིད་དང་བཅས་པའོ། །གཉིས་པ་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་ནི། ངག་
ལམ་བརྒྱུད་ལྟར་ཡིན་འདྲ་བས་ཕུན་ཚོགས་ཆོས་འཕེལ་དྲུང་དུ་ལམ་འབྲས་སྐབས་ཐོབ་
དང་ཕྲེང་བ་བྱིན་བརླབས། ཀྱེ་རྡོར་བསྙེན་པ་རབ་གསལ་དམ་པའི་ཞལ་གྱི་བདུད་རྩི། ཀྱེ་རྡོར་དང་གུར་ཞལ་གྱི་བསྙེན་པ་ཁ་སྐོང་སྦྱིན་སྲེག །ཀྱེ་རྡོར་ཐུན་མཚམས་ཀྱི་གཏོར་མའི་རྣལ་འབྱོར། རབ་གནས་སྟ་གོན་ཟིན་བྲིས། ཀྱེ་རྡོར་ལ་བརྟེན་པའི་རབ་གནས་ཉིན་རེ་མའི་ཆོག་ཁྲིགས། རྡོ་རྗེ་ཕུར་པའི་སྦྱིན་སྲེག་ཟིན་བྲིས། ལས་བཞི་མགོན་པོའི་མངོན་རྟོགས་བསྟོད་པ་དང་བཅས་པ། རྣམ་
བདག་གི་བླ་མས་ཀུན་བཟང་དབང་འདུས་དྲུང་དུ་གསན། དེའི་དྲུང་དུ་བདག་གིས་ཐོབ་
སྲས་གཏོར་ཆོག །ཚོགས་བདག་གཏོར་ཆོག །ཕྱི་ནང་གསང་བའི་མཎྜལ་གསལ་བྱེད། གཏོར་མ་བརྒྱ་རྩའི་ཆོག་ཁྲིགས། ཀླུ་གཏོར། ཕྱག་ལེན་སྡོམ་ཚིག་ཉེར་མཁོ་ལ། ངག་དང་ཕྲེང་བ་བྱིན་རླབས་རྒྱས་པ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་དབྱེ་བ། ཀྱེ་རྡོར་ལྷ་མོ་བརྒྱད་ཀྱི་གདན་གྱི་དག་པ། ཞུ་འབུལ་གྱི་ཕྱག་གསུམ་དྲུག་བཅོ་བརྒྱད། ཟོར་གྱི་འཆམས་ཡིག །འཆམས་ལོག །ཚེས་བཅུའི་འཆམས་ཡིག །གཏོར་སྐྱོང༌། གཏོར་ཆེན། དུས་རིམ། ཆུ་འཕྲུལ། སྐུ་མཆོད་ཆེན་མོ་རྣམས་ལ་བསྐང་གསོ། མཆོད་བརྗོད་ཀྱི་རིམ་པའོ། །གཉིས་པ་བཤད་པ་གཙོ་བོར་མཛད་པ་ལ། ཐར་པའི་བདེ་བ་ཐོབ་ཕྱིར་དང༌། མཐོ་རིས་ཀྱི་ཕན་པ་གནས་ཕྱིར་དང༌། ངེས་ལེགས་སུ་སྒྱུར་བྱེད་དང༌། མངོན་མཐོར་གནས་བྱེད་དེ་བཞིའི་དང་པོ་ལ། བཤད་པ་ཇི་ལྟ་བ་དང༌། སུན་འབྱིན་ཇི་སྙེད་པ། ཁེངས་པ་ཡོངས་སུ་སྐྱུངས་པའི་གདམས་ཡིག་སྟེ་གསུམ་གྱི་དང་པོ་ནི། ཤེས་བྱ་ཀུན་རིག་གི་རྣམ་བཤད། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་ཞལ་གདམས་བཅའ་ཡིག་འཆད་ཐབས། ལམ་འབྲས་བརྒྱུད་པའི་ལོ་རྒྱུས་ངོ་མཚར་སྣང་བའི་བསྡུས་དོན། རྡོ་རྗེ་གདན་འདིར་ལམ་