R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 434
[A:434]ཤོག་བྱས་བསྐུལ་རྦད་བྱའོ། །ཨྠིྀ། མཐའ་ཅན། ཐན་འགྱེད་གོང་འོག་འདི་རྣམས་གཤོང་མའི་སྔགས་བན་ནས་བརྒྱུད་པ་ལའང་སྣང་ངོ༌། །འདིའི་བརྒྱུད་པ་ནི། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡར་ཀླུང་པ་སེང་གེ་རྒྱལ་མཚན། རྗེ་བཙུན་བསོད་ནམས་རྒྱལ་མཆོག །བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། ཡོངས་འཛིན་ཤཱཀྱ་ཀུན་དགའ། བླ་ཆེན་ཡེ་ཤེས་དབང་པོ། སློབ་དཔོན་རྡོ་རྗེ་བློ་གྲོས། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་ཕྲིན་ལས་རྣམ་རྒྱལ་ལའོ། །དེ་ནི་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་བསྒྲིགས་པའི་བརྒྱུད་པ་ཡིན་གསུང༌། བྲག་ཐོག་པས་བསྒྲིགས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། གཉན་ལོ་ཙཱ་བ། ཁའུ་པ། གོང་མ་ལྔ། བླ་ཆེན་རོང་པ། བླ་མ་ཤེས་རབ་སེང་གེ །བླ་མ་བསོད་ནམས་ལྷུན་གྲུབ། བླ་མ་ངག་གི་དབང་ཕྱུག །བླ་མ་དཔལ་ལྡན་ལེགས་དབང༌། བྲག་ཐོག་པ། རྡོ་རྗེ་གདན་པ། འཇམ་དབྱངས་བྱང་དབང༌། ཡོངས་འཛིན་ཤཱཀ་ཀུན། བླ་ཆེན་ཡེ་ཤེས་དབང་པོ། སློབ་དཔོན་རྡོ་རྗེ་བློ་གྲོས། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས
བྲག་ཐོག་པའི་པོ་ཏི་ལ་བརྒྱུད་པ་ལ་ཐེ་ཚོམ་སྟེ། འཇམ་དབྱངས་བྱང་དབང་དང༌། ཡོངས་འཛིན་ཤཱཀྱའི་གསན་ཡིག་ན་མི་སྣང་བས་སོ། །ཞེས་ཉི་གླིང་རྗེའི་གསུང་ངོ༌།
དྷརྨ་པཱ་ལ་ཙ་ཏུར་མུ་ཁའི་ལོ་རྒྱུས་སོགས། མགོར། བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་སྲུང་འདིའི་ལོ་རྒྱུས་ནི། ནས། བསོད་ནམས་མཚན་ཅན་ལས་རིམ་པར་བརྒྱུད་པའོ། ། མཐའ་ཅན། རྗེས་གནང༌། མགོར། ཨོཾ་སྭསྟི། སྲིད་གསུམ་དབང་བསྒྱུར། ནས། ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་སྦྱར་བའོ། །མཐའ་ཅན།
གཏོར་ཆེན་ནི།
མགོར། སྭསྟི། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་མགོན་པོ་ཞལ་བཞི་པའི་གཏོར་ཆེན་བྱེད་པར་འདོད་པས། ནས། རྒྱས་པར་བྱའོ། །མཐའ་ཅན།
དུས་གཏོར་ནི།
མགོར། བླ་མ་དང་