R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 439
[A:439]ཐོབ་མྱང་དངོས་གྲུབ་མན་འདྲའོ། །སྤྲུལ་སྐུ་མྱང་སྟོན། རས་པ་མི་བསྐྱོད་རྡོ་རྗེ། བླ་མ་ཤཱཀྱ་བཟང་པོ། ལྷ་རྗེ་དགེ་བ་འབུམ། ལྕམ་ཡེ་ཤེས་མཆོག །ཆུ་སྒོམ་ཞིག་པོ། མཐའ་བཞི་བྱ་བྲལ། འཇམ་དབྱངས་བསོད་ནམས་སེང་གེ །བླ་མ་བཀྲ་ཤིས་རྒྱལ་མཚན། བླ་མ་བློ་གྲོས་རྒྱལ་མཚན། འཕགས་མཆོག་ནོར་བུ་བཟང་པོ། མཁས་གྲུབ་རྒྱལ་མཚན་བཟང་པོ་
འདི་ལ་མ་ཎི་བཀའ་འབུམ་ན་ཉེ་བརྒྱུད་རིང་བརྒྱུད་གཉིས་ཀར་བཟང་པོ་རྒྱལ་མཚན་ཡོད་པས་བརྟག
འཁྲུལ་ཞིག་མདོ་སྔགས་པཎ་ཆེན། མཁས་གྲུབ་རྣམ་རྒྱལ་རིན་ཆེན། འཇིགས་མེད་ནམ་མཁའ་དོན་གྲུབ། བླ་མ་ཨུ་རྒྱན་རྒྱལ་པོམཚུངས་མེད་ལྷ་དབང་ཕྲིན་ལས། རིགས་ཀུན་ཁྱབ་བདག་པཎ་ཆེན་བསོད་ནམས་མཆོག་ལྡན། དེས་བདག་གོ ༈ །ཉང་གི་གཏེར་མ་ནས་ཤོག་བུ་བཅུ་གཅིག་ཐོབ་པའི་བརྒྱུད་པ་ནི། མཚུངས་མེད་ལྷ་དབང་ཕྲིན་ལས། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ ༈ །ཇོ་བོ་རྗེའི་སྐུ་བསྟོད་ཕུན་ཚོགས་བྷངྒ་ལ་འབྲོམ་སྟོན་གྱིས་མཛད་པའི་ལུང་ཞ་ལུ་མཁན་ཆེན་པུ་ཎྱ་ཞབས་དྲུང་དུ་ཞུས། ༈ རྒྱལ་སྲས་ཆེན་པོ་ཐོགས་མེད་བཟང་པོ་དཔལ་གྱི་བཀའ་འབུམ་ནས་ཐོར་བུ་གཅིག་ཏུ་བསྡུས་པ་སྤར་མ་པུསྟ་ཀ་གཅིག་གི་ལུང་ཤ་ལུང་ནས་གནས་ལྔ་རིག་པ་བྱམས་པ་བསོད་ནམས་ཕུན་ཚོགས་ལ་ཞུས།
Transmission of the Rwa pod, contents (chos tshan) acc. to the tradition of Rwa lo rDor rje grags ༈ མཐུ་སྟོབས་ཀྱི་མངའ་བདག་གྲུབ་པའི་དབང་ཕྱུག་རྭ་ལོ་རྡོ་རྗེ་གྲགས་པའི་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ཀྱི་རྭ་པོད་དུ་གྲགས་པའི་ཆོས་སྡེའི་རྣམ་གྲངས་ལ༑ རྟོག་བདུན། ནག་འགྲེལ། དཀར་འགྲེལ། བཅུད་ཐིགས། བསྙེན་སྒྲུབ་དགྲ་སྲོག་དབང་བསྡུད། མངོན་རྟོགས་ཡིད་བཞིན་གཏེར་མཛོད། སྒྲུབ་ཐབས་དྲི་མེད་སྣང་བ། མངོན་རྟོགས་ཁམས་གསུམ་ཟ་བྱེད། མངོན་རྟོགས་དྲི་མེད་ཆུ་རྒྱུན། མངོན་རྟོགས་རིན་ཆེན་དོན་འདུས། ལས་བཞིའི་སྦྱིན་སྲེག །དབང་ཆུ། དམར་པོ་མདའ་གཞུ་འགེངས་པ། རྭ་པའི་ཆོས་བརྒྱད། རྟོག་བདུན་མན་ངག་བདུན་པ། ཤོག་དྲིལ་གསུམ་གྱི་གདམས་པ།