R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 442
[A:442]ལོགས་སུ་ཕྱེ་བའི་བརྒྱུད་པ་རྒྱུད་འགྲེལ་ལྟར་རོ། །སྦྱོར་དྲུག་གི་བརྒྱུད་པའི་གསོལ་འདེབས་སྟོང་ཉིད་སྙིང་རྗེ་མ། འབྲོ་ལུགས་ཀྱི་བརྒྱུད་སྲོལ་སྲིད་ཞི་མཉམ་ཉིད་མ་དང་བཞུགས་གནས་མ། རྭ་ལུགས་ཀྱི་བརྒྱུད་འདེབས་བཞུགས་གནས་མ། ཨ་ནུ་ས་མ་རཀྵི་ཏའི་སྦྱོར་དྲུག་རྩ་འགྲེལ་གྱི་བརྒྱུད་འདེབས་དཔལ་ལྡན་སྐུ་བཞི་མ། ཡང༌། རྭ་ལུགས་ཀྱི་བརྒྱུད་འདེབས་དུས་གསུམ་མཉམ་པའི་རང་སྐུ་བླ་མ་ཤེས་རབ་སེང་གེས་མཛད་པ་ཡིན། སྦྱོར་དྲུག་ཉེ་བརྒྱུད་གསོལ་འདེབས་འོག་མིན་ཆོས་ཀྱི་ཕོ་བྲང་མ་ཐར་པའི་ལམ་སྟོན་མ་ ལྟེ་སྟེ་བརྒྱད་ཀྱི་
བརྒྱད་ཟེར་ཀྱང་དྲུག་ཡིན་
ལུང་བརྒྱུད་ནི། ཀུན་མཁྱེན་བུ། སྐུ་ཞང་ནམ་མཁའ་མཆོག་གྲུབ། ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། དབོན་རྒྱལ་བ། དོན་གྲུབ་རྒྱལ་མཚན། རིན་ཆེན་བཀྲ་ཤིས་རྒྱལ་མཚན། དཀོན་མཆོག་རྒྱལ་མཚན། མཁན་ཆེན་བསོད་ནམས་མཆོག་གྲུབ། རྩ་བའི་བླ་མ་རིན་ཆེན་ཆོས་ལེགས། དེས་ཕྲིན་ལས་པ་ལའོ། །ཡང༌། སྲིད་ཞི་མ། སྟོང་ཉིད་མ་ཁ་སྐོང་བརྒྱུད་འདེབས་བརྒྱུད་པ། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། ལྷ་བོ་པ་རིན་ཆེན་རྒྱ་མཚོ། མཁན་ཆེན། རྩ་བའི་བླ་མ་རིན་ཆེན་ཆོས་ལེགས། དེས་དགྱེས་པར་བདག་ལའོ། ། དཔལ་དུས་ཀྱི་འཁོར་ལོའི་ཆོས་འབྱུང་རིན་ཆེན་གཅེས་པའི་ལྡེ་མིག་གི་བརྒྱུད་པ་རྒྱུད་འགྲེལ་སྐབས་ཀྱི་བཞིན་ལས། མཁན་ཆེན་ནས་རྡོ་རྗེ་འཆང་རིན་ཆེན་ཆོས་ལེགས། དེས་བདག་གོ །སྦྱོར་དྲུག་གི་སྔོན་འགྲོའི་ཡི་གེ་གཅིག །ཐོག་མར་དགེ་བ་སྐུ་རྡོ་རྗེ་སོར་སྡུད་བསམ་གཏན་ལ་གཅིག །བར་དུ་དགེ་བ་གསུང་རྡོ་རྗེ་སྲོག་རྩོལ་འཛིན་པ་ལ་གཅིག །ཐ་མར་དགེ་བ་ཐུགས་རྡོ་རྗེ་རྗེས་དྲན་ཏིང་འཛིན་ལ་གཅིག །རྒྱུད་གསུམ་གྱི་དོན་གཅེར་མཐོང་ལ་གཅིག །ལུས་སྦྱོང་གནད་ཀྱི་འཕྲུལ་འཁོར་རྣམས་ཀྱི་ལུང་བརྒྱུད་ནི། ཀུན་མཁྱེན་བུ། སྐུ་ཞང་ནམ་མཁའ་མཆོག་གྲུབ། ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་