R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 448
[A:448]ན་ཐུགས་སྲས་རིན་རྣམ། དཔལ་མཆོག་དོན་གྲུབ། ཙནྡྲ་མན་འདྲ། དཔལ་མཆོག་རྡོར་སེམས་དཀྱིལ་ཆོག་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་འབྱུང་བ། དཔལ་མཆོག་རྡོར་སེམས་ཞི་བའི་སྦྱིན་སྲེག་དགེ་ཞིང་ཞི་བྱེད། རྡོ་རྗེ་སེམས་དཔའ་མྱུར་དུ་སྒྲུབ་
མཆན་ལ་ལུང་མེད་
པའི་བདེ་བ་ཆེན་པོའི་རྣམ་པར་འཕྲུལ་པ་རྨད་དུ་བྱུང་བ། དུས་ཐ་མའི་ཆོ་ག་ཐར་པའི་གྲོང་འཇུག་རྣམས་ཀྱི་
བཀྲ་ཤིས་གཅིག་འདུག་པར་ལུང་བྱུང་ཡང༌། མཁན་ཆེན་གསན་ཡིག་ན་མི་འདུག་པས་བརྟག་
ལུང་བརྒྱུད་ཀུན་མཁྱེན་བུ། རྒྱལ་བ་མཆོག་གྲུབ། མཁས་པ་ཙནྡྲ། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ་མན་གསོལ་འདེབས་བླ་མའི་ཡོན་ཏན་རྗེས་དྲན་ལྟར་རོ༑ ༑ཡང༌། ཞི་བའི་སྦྱིན་སྲེག །དུས་མཐའི་ཆོ་ག་གཉིས་ཀྱི་ལུང་བརྒྱུད་ནི། ཀུན་མཁྱེན་བུ༑ ཐུགས་སྲས་རིན་རྣམ། སྐུ་ཞང་ནམ་མཁའི་མཚན། ཙནྡྲ་ཤྲཱི་མན་འདྲ། དཔལ་མཆོག་ལྷའི་བཀྲ་ཤིས་ཚིགས་བཅད་བཀྲ་ཤིས་འཕེལ་བྱེད་ལུང་བརྒྱུད། བདེ་མཆོག་ཆོས་འབྱུང་ལྟར་རོ། །ཀུན་རིག་དཀྱིལ་ཆོག་ལས་སྒྲིབ་རྒྱུན་གཅོད། ཀུན་རིག་ཁ་སྐོང་མཆོད་ཕྲེང༌། འཁོར་ལོས་བསྒྱུར་བའི་སྐབས་ནས་གསུངས་པའི་ཤཾ་པ་ཏའི་གར་དཔེ། སྦྱོང་རྒྱུད་མེ་ལྟར་འབར་བའི་སྐབས་ནས་གསུངས་པའི་ཀུན་རིག་ཞི་བའི་སྦྱིན་སྲེག་སྡུག་བསྔལ་ཞི་
སྡིག་པ་ཟེར་
བྱེད། རྒྱས་པའི་སྦྱིན་སྲེག །དབང་གི་སྦྱིན་སྲེག །ཚེ་དཔག་མེད་ཀྱི་སྐབས་ནས་གསུངས་པའི་དྲག་པོའི་སྦྱིན་སྲེག །ཀུན་རིག་སྐབས་ནས་གསུངས་པའི་རོ་སྲེག་ཆོ་ག་སྡིག་པ་ཞི་བྱེད་རྣམས་ཀྱི་ལུང་བརྒྱུད། བདེ་མཆོག་ཆོས་འབྱུང་ལྟར་རོ། །ཡང༌། རོ་སྲེག་གི་ཆོ་ག་སྡིག་པ་ཞི་བྱེད་ཀྱི་བརྒྱུད་ལུགས་གཅིག་ནི། ཀུན་མཁྱེན་བུ། དཔལ་མཆོག་དོན་གྲུབ། ཙནྡྲ་ཤྲཱི་མན་འདྲའོ། །གཙུག་དགུའི་དཀྱིལ་ཆོག་ངན་སོང་རྒྱུན་གཅོད་ལུང་བརྒྱུད། ཀུན་མཁྱེན་བུ། དཔལ་མཆོག་དོན་གྲུབ། ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན་
ནས་རིན་ཆེན་ཆོས་ལེགས་ཡན་དཔལ་མཆོག་ལྟར། འདིའི་བར་ཁ་ཤས་མ་ཚང༌། ཀུན་དགའ་བརྩོན་འགྲུས།