R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 128
[A:128]པ་ལུས་དཀྱིལ་ནི། ལུས་དཀྱིལ་གསལ་འདེབས། ལམ་དུས་ཀྱི་དབང་བསྐུར་ཆོག །ལམ་དབང་རྒྱས་པའི་ཡི་གེ་སྟེ་གསུམ། བཞི་པ་བླ་མའི་རྣལ་འབྱོར་ནི། བླ་མའི་རྣལ་འབྱོར་ལའུ་ཤུ་མ་དང༌། ཤོད་དགོན་སྤྱན་སྔ་མ་གཉིས། ལྔ་པ་དེ་ལས་གཞན་པ། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག །བིར་བསྲུང༌། བདུད་རྩི་རིལ་བུ་བསྒྲུབ་པ། ཚོགས་སྦྱོར་མངོན་རྟོགས་ཏེ་བཞི་རྣམས་སོ། །དེ་ལྟར་ཡིག་ཆ་ལྔ་བཅུ་རྩ་གཉིས་ཀྱི་ལུང་དང༌། གཞན་ཡང་རྗེས་འབྲང་ཡི་གེ་ཉི་ཤུ་རྩ་གསུམ་ཡང༌། ཤིན་ཏུ་གཅེས་པས་འབད་དེ་བལྟ་བར་བྱ། རྗེས་འབྲང་གི་ཡི་གེ་རི་ཁྲོད་པ་བློ་བརྟན་གྱིས་མཛད་པ་སོགས་སྔར་རྡོ་རྗེ་གདན་དུ་ལུང་རྒྱུན་མ་བྱུང་ཞིང༌། ཕྱིས་བླ་མ་ལྷ་དབང་ཕྲིན་ལས་ཀྱིས་ཀྱང༌། སྒྱི་ཆུར་མ་གསན་གསུང་ངོ༌། ། ༈ སྤོད་ནག་མ་ཞེས་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ༑ དེ་ལ་བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བལུས་དཀྱིལ་བྱིན་བརླབས་འབེབས་ཆོག །ལམ་དུས་དབང་གི་ཉམས་ལེན། བླ་མའི་རྣལ་འབྱོར་སྒོམ་
འདི་ལ་བླ་མ་ལ་བརྟེན་ནས་དངོས་གྲུབ་རྣམ་གཉིས་སྒྲུབ་པ་ཟེར་སེང་གེ་རྒྱལ་མཚན་དང་སྲས་པས་བསྐུལ་ལོ་
ཐབས། བླ་མའི་རྣལ་འབྱོར་སེང་གེ་རྒྱལ་མཚན་གྱི་ཞུས་ལན། བླ་མའི་རྣལ་འབྱོར་གྱི་མན་ངག་མདོ་སྟོད་པ་ཆོས་རྒྱལ་འོད་ཟེར་གྱིས་ཞུས་པ། གཞུང་ཇི་ལྟ་བ་བཞིན་བཀྲི་བའི་ཁྲིད་ཡིག་སྦས་དོན་གསལ་བ། གནད་དྲུག་གིས་བཀྲི་བའི་ཁྲིད་རིམ་གསལ་བྱེད་གནད་ཀྱི་ལྡེ་མིག །གནད་བཅུ་གཅིག་གིས་བཀྲི་བའི་ཁྲིད་ཀྱི་གསལ་བྱེད་གནད་ཀྱི་སྒོ་འབྱེད། དབང་པོ་རབ་འབྲིང་གསུམ་བཀྲི་བའི་ཁྲིད་ཀྱི་གསལ་བྱེད་ཉུང་ངུ་རྣམ་གསལ། སྙན་བརྒྱུད་ཅེས་པ་སྣང་གསུམ་རྐང་དོན་དུ་བཀྲི་བ། ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་རྣམ་པར་བཤད་པ་མན་ངག་གི་མཛོད་དེ། དེ་ལྟར་ཡིག་ཆ་བཅུ་གཉིས་པོའི་ལུང་དང༌། ༈ ལམ་སྐོར་ཕྱི་མ་བརྒྱད་དུ་གྲགས་པའི་ལུང་དང༌། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་ཁྲིད་དང༌།