R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 148
[A:148]རྡོ་རྗེ། ཤྲདྡྷ་ཀ་ར་ཝརྨ་འཐད། ཇོ་བོ་རྗེ། ལྕགས་རི་གོང་ཁ་བ། རྫིང་བུ་ཁ་པ། སྤེན་ཕུག་པ་ཞང་ཡེ། གཟེ་བ་དོན་གྲུབ་སེང་གེ །བར་ཐང་པ་ཡབ་སྲས། འདར་ཤག་པ་སློབ་དཔོན་བསོད་ནམས་དབང༌། བླ་མ་མཆོག་ལྡན། ཀྱི་སྟོན་གྲགས་རྒྱལ། རིན་ཆེན་རྡོ་རྗེ། མཁན་ཆེན་ནམ་མཁའ་ཡེ་ཤེས། བྱང་སེང་པ། དེ་གསུམ་ག་ལ་ཐེག་ཆེན་ཆོས་རྒྱལ་མན་གོང་བཞིན་ནོ། །ཡང་ན་ཤྲདྡྷ་ཀ་ར་ཝརྨ་ཡན་ལྷ་གསུམ་མའི་རྗེས་གནང་བཞིན་ལས། ཇོ་བོ་རྗེ༑ ལོ་ཆེན་རིན་ཆེན་བཟང་པོ། དགེ་ཚུལ་པུརྞ། ལྕགས་རི་གོང་ཁ་བ་ནས་ལོ་མཆོག་གི་བར། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡར་ཀླུང་པ་སེང་གེ་རྒྱལ་མཚན། སྔགས་འཆང་དཔལ་ལྡན་བློ་གྲོས། དམར་སྟོན་རྒྱལ་མཚན་འོད་ཟེར། བྱམས་གླིང་བསོད་ནམས་རྣམ་རྒྱལ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའཇམ་དབྱངས་བྱང་དབང༌། བླ་ཆེན་ཤཱཀྱ་ཀུན་དགའའཇམ་དབྱངས་དབང་ཕྱུག་རྒྱལ་མཚན
ཉི་གླིང་ཚུལ་ཁྲིམས་བཀྲ་ཤིས། རྗེ་རིན་ཆེན་རྒྱ་མཚོ། བྱམས་པ་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག །མཁན་ཆེན་ཆོས་དབང་རྒྱ་མཚོ། བླ་ཆེན་ཀུན་དགའ་ཆོས་འཕེལ། རོང་པ་དཀོན་མཆོག་སྦྱིན་པ། བྱམས་པ་ཕུན་ཚོགས་ཆོས་འཕེལ། དེས་བདག་ངག་མིང་ལའོ། །
པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས། དེས་བདག་གོ །དེ་
འདི་མན་སེར་ཐལ་བས་སླར་རྒྱག་དགོས་སོ་
དག་གི་ཡིག་ཆ་ཐེག་ཆེན་པའི་མགོན་པོ་རྣམ་རོལའཇམ་དབྱངས་གྲགས་པའི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་དང༌། དཀྱིལ་ཆོག་ལ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་གསུང་མཆན་དང༌། ལྷན་ཐབས་ཐིག་རྩ་སོགས་ལ་བརྟེན་ནས་ལེགས་པར་ཐོབ། སྤྲོ་ན་གཏོར་དབང་མཛད་པ་ཡང་རུང་ཚུལ་ལོ། ༈ །བཤད་རྒྱུད་ཐུན་མོང་བ་སཾ་བུ་ཊི་ནས་དངོས་སུ་དཀྱིལ་འཁོར་བཅུ་དྲུག་གསུངས་པ་ལས། ཀྱེ་རྡོ་རྗེ་མཚོན་ཆ་ཅན་ནམ་དྲག་པོ་གདན་ཅན་ལྷ་བཅུ་བཅུན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཡིག་ཆ་སྣ་ཚོགས་ཤིག་གི་སྟེང་ནས་དབང་བཞི་རྫོགས་པར་