R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 158
[A:158]སེང་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། བླ་མ་ཡོན་ཏན་རྒྱ་མཚོབླ་མ་ཨུརྒྱན་རྒྱལ་པོརྗེ་བསོད་ནམས་རྒྱལ་པོརྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། གར་ཐིག་དབྱངས་སོགས་ཆོ་ག་ཕྱག་ལེན་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཅན་བླ་མ་རྣམ་རྒྱལ་བཀྲ་ཤིས། དེས་བདག་ལའོ། །ཡང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས་དཔལ་ནགས་རིན་བར་ལཱུ་ཧི་པ་བཞིན་ལས། དེ་ནས་བྲག་ཐོག་པ། རྡོ་རྗེ་གདན་པ་ནས་གོང་བཞིན་ནོ། ། དཔལ་འཁོར་ལོ་བདེ་མཆོག་གི་བཤད་རྒྱུད་མཁའ་འགྲོ་རྒྱ་མཚོ་ལ་དཀྱིལ་འཁོར་བརྒྱ་དང་བཅུའམ། བརྒྱ་དང་བཞི་བཅུ་རྩ་གཉིས་གསུངས་པ་ལས། འདིར་འཁོར་ལོ་བཅུ་གཉིས། ལྷ་སྟོང་དང་དགུ་བརྒྱ་བརྒྱད་ཀྱིས་ལྷག་པའི་བཅུ་ཕྲག་གཅིག་དང་བཅས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར། བྲག་ཐོག་པ་བསོད་ནམས་བཟང་པོའི་མངོན་དཀྱིལ་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། མཁའ་འགྲོ་རྒྱ་མཚོའི་དབུས་གནས་རྡོ་རྗེ་འཆང༌། །མཐུ་སྟོབས་རྒྱ་མཚོ་ཕྱག་ན་རྡོ་རྗེ་འཛིན། །ཐུགས་རྗེ་རྒྱ་མཚོ་འཕགས་པ་སྤྱན་རས་གཟིགས། །དངོས་གྲུབ་རྒྱ་མཚོ་བརྙེས་པ་ཤ་ཝ་རི། །མཁས་གྲུབ་རྒྱ་མཚོའི་འབྱུང་གནས་མཻ་ཏྲི་པ། །ནུས་མཐུ་རྒྱ་མཚོ་རྒྱ་གར་ཕྱག་ན་པ། །ཡེ་ཤེས་རྒྱ་མཚོ་ཀ་མ་ལ་བཛྲ། ། སྤངས་རྟོགས་རྒྱ་མཚོ་ཛ་ཡ་སེ་ནའི་ཞབས། །སྐད་མང་རྒྱ་མཚོ་
ལོ་ཙཱ་བ་
དར་མ་ཡོན་ཏན་དཔལ། །ངོ་མཚར་རྒྱ་མཚོ་རྗེ་བཙུན་གྲགས་པ་དཔལ། །མཁྱེན་རབ་རྒྱ་མཚོ་ས་སྐྱ་པཎྜི་ཏ༑ ༑ལུགས་ཟུང་རྒྱ་མཚོ་མངའ་རིས་རིན་འབྱུང་བ། །བསླབ་གསུམ་རྒྱ་མཚོ་ཚུལ་ཁྲིམས་རིན་ཆེན་པ། །ཉམས་རྟོགས་རྒྱ་མཚོ་རང་བྱུང་རྡོ་རྗེའི་མཚན། །སྙིང་རྗེ་རྒྱ་མཚོ་འཛམ་གླིང་པཎྜི་ཏ། །ལུང་རིགས་རྒྱ་མཚོའི་མངའ་བདག་ཨ་མོ་གྷ། །ཚཽགས་གཉིས་རྒྱ་མཚོ་