R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 160
[A:160]རོ་པ། རྡོ་རྗེ་གདན་པ། ཨ་བྷ་ཡ་ཀ་ར། རཏྣ་ཤྲཱི། ཛ་ཡ་སེ་ན། དར་མ་ཡོན་ཏན། རྒང་དར་སྙིང༌། གཉན་རས། ཨཀྵོ་བྷྱ་བཛྲ། སྒོམ་ཤེ །བདེ་བ་ཅན་པ་ཡེ་ཤེས་མགོན། བསམ་གཏན་གྲུབ། བླ་མ་གཞོན་ནུ་རྒྱལ་མཚན། འཛམ་གླིང་པཎྜི་ཏ། བླ་མ་ཨ་མོ་གྷ། བཟད་པ་རིན་རྒྱལ། བྲག་ཐོག་པ་སོགས་སོ། ༈ །དཔལ་འཁོར་ལོ་བདེ་མཆོག་བོང་ཞལ་ཅན་ཞལ་གསུམ་ཕྱག་དྲུག་ལྷ་སོ་བདུན་གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་པའི་སྒྲུབ་ཐབས་ཕྲིན་ལས་མཐའ་ཡས་དང་དབང་ཆོག་བདུད་རྩི་གངྒཱའི་ཀླུང་རྒྱུན་ནས་དབང་བཞི་ཡོངས་རྫོགས་ཀྱི་མཐར་བརྟུལ་ཞུགས་ཀྱི་དབང་ཧེ་རུ་ཀའི་ཆས་དྲུག་གཏོད་པ་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨ་བྷྱ་ཀ་ར། དཔེ་མེད་བསྲུངས་བ། འགྲོ་བའི་མེ་ལོང༌། ཀུན་ཏུ་བཟང་པོ༑ ཡེ་ཤེས་བཟློག །དཔལ་ཡིད་ཀྱི་འགྲམ་པ། འཇམ་དཔལ་བཟང་པོ། དཔལ་བཟང་པོ༑ ཆོས་ཀྱི་བཟློག་བཟང་པོ། ཡིད་འཚོ་བཟང་པོ། གོ་རི་ངག་གི་དཔལ། དཔལ་རྣམ་རྒྱལ་བཟང་པོ། དཔལ་མྱོས་བྱེད་བཟང་པོ། ཕུན་ཚོགས་བཟང་པོ། ནམ་མཁའ་བཟང་པོ༑ རྒྱས་པའི་འཚོ་བ་བཟང་པོ། དཔལ་འཕྲོག་བྱེད་བཟང་པོའི་ཞབས། ཡེ་རང་སྐལ་ལྡན་བཟང་པོ། ཀུན་དགའི་འཚོ་བ་བཟང་པོ། བྱང་ཆུབ་ཆེན་པོ། བསམ་གཏན་འོད་ཟེར། གུ་གེ་གྲགས་པ་རྒྱལ་མཚན། ལེགས་
གློ་བོ་མཁན་ཆེན་
པའི་འབྱུང་གནས། ས་ལོ་ཙཱ་བ། དཀོན་མཆོག་ལྷུན་གྲུབ། སངས་རྒྱས་སེང་གེ །ནམ་མཁའ་དཔལ་བཟང༌། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན། རྩ་བའི་བླ་མ་བྱམས་པ་ངག་དབང་ལྷུན་གྲུབ། དེས་ཕྲིན་ལས་རྣམ་རྒྱལ་ལའོ། །ཡང་ན། ནམ་མཁའ་བཟང་པོ། དེའི་སྲས་བྱང་ཆུབ་ཆེན་པོ༑ བསམ་གཏན་འོད་ཟེར། པཎྜི་ཏ་གྲགས་པ་རྒྱལ་མཚན། ལེགས་པའི་འབྱུང་གནས་མན་འདྲ། ཉེ་བརྒྱུད་ནི། བདེ་མཆོག་ཡབ་ཡུམ། རྡོ་རྗེ་རྣལ་འབྱོར་མ། སྐྱེ་རྒུའི་འཚོ་བ་