R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 184
[A:184] དྷརྨ་པཱ་ལ། དི་པཾ་ཀ་ར་ཤྲཱི་ཛྙཱ་ན། གོ་མི་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། སྲས་རྡོ་རྗེ་སེང་གེ །སྣུར་བྱང་ཆུབ་འོད་ཟེར། སྣུར་ཉི་མ་རྒྱལ་མཚན། སྣུར་ཡེ་ཤེས་རྒྱལ་མཚན། སྣུར་ཆོས་འཕགས་རྒྱལ་མཚན། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། བླ་མ་དབང་རྣོན་པ། བླ་མ་ཀུན་དགའ་རིན་ཆེན། བཟད་པ་རིན་རྒྱལ། བྲག་ཐོག་པ་ཆེན་པོ། རྗེ་བཙུན་རྡོ་རྗེ་གདན་པ་ཆེན་པོ། ཡང་ན། བུ་སྟོན་རིན་པོ་ཆེ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། སློབ་དཔོན་ཡེ་ཤེས་རྒྱ་མཚོ། རྗེ་བཙུན་རྡོ་རྗེ་གདན་པ་ཆེན་པོ།
འདིར་བླ་མ་གཉིས་གསུམ་ཙམ་མ་རྙེད།
རྗེ་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཛིན་པ་བསོད་ནམས་མཆོག་ལྡན། དེས་བདག་གོ ། ༈ ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་ནས་དཀྱིལ་འཁོར་བཅུ་གཅིག་གསུངས་པ་ལས། བཅོམ་ལྡན་འདས་ཤཱཀྱ་སེང་གེ་གཙུག་ཏོར་དགུ་པ། རྩ་བའི་ལྷ་ཉེར་གཅིག །སེམས་དཔའ་བཅུ་དྲུག །ཕྱི་རོལ་དུ་འཇིག་རྟེན་པ་ངན་འགྲོ་གསུམ་དང་བཅས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར། སློབ་དཔོན་ཡེ་ཤེས་རྒྱ་མཚོའི་ངག་འདོན་དང༌། ཀུན་མཁྱེན་བུའི་དཀྱིལ་ཆོག་ངན་སོང་རྒྱུན་གཅོད་ནས་སློབ་མའི་དབང་ནས་བཟུང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། དཔལ་ཕྱག་ན་རྡོ་རྗེ། ཆོས་རྒྱལ་རབ་གསལ་ཟླ་བ། ཡེ་ཤེས་རྡོ་རྗེ། སློབ་དཔོན་ཀུན་དགའ་སྙིང་པོ། པྲཛྙཱ་ཝ་ལི་ཏ། གོ་མི་དགེ་བསྙེན། ཤཱཀྱ་ཛྙཱ་ན། ཇོ་བོ་རྗེ། གོ་མི་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། ལྟུམ་སྟོན་རྩ་སྐྱའི་མཉམ་ཁད་པ་ཆེན་པོ། ཁྲི་བརྟན། སྲས་བསོད་བཟང༌། དེ་གཉིས་ལ་གསལ་བ་བློ་གྲོས་དཔལ། བླ་མ་གྲགས་ཆེན། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། རིན་