P145: རིན་སྤུངས་པ་ནོར་བུ་བཟང་པོ།

ལོ་དུས།
  • འཁྲུངས་ལོ།: 1403 Czaja 2013 (pp. 217, 219, 221)
  • འདས་ལོ།: 1466 Czaja 2013 (pp. 217, 219, 221)
རིགས་རུས་ཆོ་འབྲང་ བླ་སློབ་སོགས།
ཟུར་མཆན།

h2. Biographical Sketches

  • ming mdzod [1992] (pp. 1615f.): རིན་སྤུངས་པ་ནོར་བུ་བཟང་པོ།་ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་(=ལྔ)་པའི་དུས་སྟོད་ཙམ་དུ་རིན་སྤུངས་སུ་ཡབ་ནམ་མཁ་རྒྱལ་པོའི་སྲས་ཨུ་སྐུ་འཁྲུངས།་ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་མཁས་པར་སྦྱངས།་དེ་ནས་ཆོས་སྲིད་གཉིས་ཀའི་ཐད་དུ་འཇོན་ཐང་ཅུང་ཟད་ཡོད་པར་བརྟེན་ཡབ་ཀྱི་གོ་གནས་དཔའ་ངར་ཅན་གྱི་དམག་དཔོན་ཞེས་པ་རྒྱུད་འཛིན་བྱས་པ་མ་ཟད་།་ཕག་གྲུའི་སྲིད་གཞུང་གི་སྣེ་མོ་ལས་འཛིན་རྫོང་དཔོན་སོགས་ཀྱི་འགན་ཁུར་བཞེས་ནས་ཕག་གྲུའི་སྲིད་དབང་ལ་ཞབས་ཏོག་གང་ལེགས་ཞུས་སོ།་ཁོང་ལ་རིགས་སྲས་ཨུ་པ་སི་ཀ་དང་།་ཀུན་ཏུ་བཟང་པོ།་དོན་གྲུབ་རྡོ་རྗེ།་མཚོ་སྐྱེས་རྡོ་རྗེ།་ཤཱཀྱ་རྒྱལ་མཚན་བཅས་ལྔ་ཡོད་ཅིང།་དེ་དག་གིས་རིན་སྤུངས་པའི་སྲིད་དབང་འཛུགས་པར་ཧུར་བརྩན་བྱས་ཀྱང་གྲུབ་འབྲས་དེ་ཙམ་མ་ཐོབ་པ་རེད༎