P996: མཁན་ཆེན་བྱམས་པ་ལེགས་ཚོགས།

མིང་གཞན།
ལོ་དུས།
  • འདས་ལོ།: 1986? Ⓢfield (India_UM_2015-07-13)
ཡོངས་གྲགས་ཀྱི་སྐོར།
  • ཚོགས་ཆེན་མཁན་པོ། Ⓢfield (India<em>DC</em>2015-07-13)
རིགས་རུས་ཆོ་འབྲང་ བླ་སློབ་སོགས།

h2. Teachers

རྣམ་ཐར་བསྡུས་པ།

ཡུལ་དབུས་ཀྱི་གཡོ་རུ་རྒྱལ་གྲུབ་གླིང་གི་ས་ཡི་ཆར་མལ་ཆ་ལེབ་པ་ཞེས་པའི་ཁྱིམ་དུ་ཡབ་བུ་ཨ་ནི་དང་། ཡུམ་རྡོ་རྗེ་སྒྲོལ་དཀར་གཉིས་ཀྱི་སྲས་སུ། ས་སྦྲུལ། ཕྱི་ལོ་ ༡༩༢༩ ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་པར་གོང་དཀར་ཆོས་སྡེའི་དགོན་པར་ཚོགས་ཞུགས་མཛད་པར། ཨ་ཁུ་བརྩོན་འགྲུས་ལགས་ནས་རྒྱུན་གཏན་གྱི་འཚོ་བའི་ལྟ་རྟོག་གི་ཐུགས་འགན་བཞེས། དེ་ནས་ཡི་གེ་འབྲི་ཀློག་ནས་གོང་དཀར་གྱི་ཕྱག་ལེན་ཡོངས་རྫོགས་ཚོགས་གཞུང་དུ་རྒྱུགས་འབུལ་མཛད། མི་རིང་བར་ཁུ་བོ་དགོངས་པ་རྫོགས་པས། མཁན་ཆེན་ཉིད་ལ་གཟིམ་ཤག་དང་གཉེན་ཉེ་གཞན་མེད་སྟབས་རེ་ཞིག་དཔལ་ཁང་གླིང་གཟིམས་ཤག་སོགས་སུ་གནས་གཡར་ནས་བཞུགས་དགོས་བྱུང་། དེ་རྗེས་ཕ་མ་གཉིས་ནས་རིན་ཆེན་རྒྱན་འཕེལ་ཞེས་པའི་གཟིམ་ཤག་རྙིང་པ་རྒྱ་ཁྱོན་ཆུང་ཆུང་ཞིག་བླུ་ཉོ་གནང་ནས་འབུལ་བར་གནང་། མཁན་ཆེན་ཡེ་ཤེས་དཔལ་བཟང་དང་། མི་ཉག་སྐྱོར་དཔོན་སོགས་ལ་བསྟེན་ནས། བོད་ཀྱི་བརྡ་སྤྲོད་སྐོར་ནས། སྡོམ་གསུམ་དང་། ཚད་མ་རིགས་གཏེར་སོགས་གཞུང་ལུགས་སྤྱི་དང་། རྡོ་རྗེ་གདན་པ་འཇམ་དཔལ་ལུང་རྟོགས་དང་། ཡོངས་འཛིན་འཇམ་དཔལ་མདོ་སྔགས། གསང་སྔགས་མཁར་མཁན་ཆེན་བརྩོན་འགྲུས་རིན་ཆེན། དགེ་བའི་བཤེས་གཉེན་ཡེ་ཤེས་དཔལ་བཟང་སོགས་ཀྱི་དྲུང་ནས་རྫོང་ལུགས་ཀྱི་ལམ་འབྲས་སོགས་ཐུན་མོང་མ་ཡིན་པའི་དབང་ལུང་ཁྲིད་མན་ངག་དང་བཅས་པ་གསན་བསམ་མཐར་ཕྱིན་པར་མཛད། དེ་ནས་དགུང་ལོ་ཉེར་བརྒྱད་བཞེས་པ། ཕྱི་ལོ་ ༡༩༥༨ ལོར་བཀྲ་ཤིས་འབྲས་སྤུངས་ཁང་ཚན་གྱི་མཁན་པོར་མངའ་གསོལ། མི་རིང་བར་ཚོགས་ཆེན་མཁན་པོ་དང་། དབུ་རྩེ་བླ་མ་ལྷ་ཁང་གི་རྡོ་རྗེ་སློབ་དཔོན་བཅས་ཀྱི་ཐུགས་འགན་བཞེས། སྐབས་དེར་དུས་ཚོད་ཤིན་ཏུ་གཉན་འཕྲང་དུ་གྱུར་བས་སྐུ་ངལ་ཆེན་པོ་མཛད་དགོས་བྱུང་། བོད་དུ་རྒྱ་མིས་བཙན་འཛུལ་དབང་གིས་དགོན་པར་བཞུགས་དབང་མེད་པར། རྒྱལ་གྲུབ་གླིང་ཤང་དུ་ཞིང་སྲུང་དང་འབྲུ་སྲུང་། མ་བྱན་སོགས་བཙན་གྱིས་བསྐུལ་བས་སྐུ་ངལ་ཆེ་ཙམ་བྱུང་ཡང་། དགེ་སྦྱོར་ཐུགས་དམ་རྣམས་ལྐོག་ཏུ་ཆག་མེད་དང་། ཞོར་དུ་ཤི་གསོན་མང་པོར་སྐུ་རིམ་དང་ཞབས་བརྟན་སོགས་དད་ལྡན་དག་གིས་རེ་བ་བཞིན་བསྒྲུབས་པར་མཛད། ཆུ་ཁྱི། ཕྱི་ལོ་༡༩༨༢ ལོ་ཙམ་ནས་རྒྱལ་གྲུབ་གླིང་ཆོས་སྡིངས་རི་ཁྲོད་ཉམས་གསོ་མཛད། དེ་ནས་ཡང་། ཤིང་གླང་། ཕྱི་ལོ་ ༡༩༨༥ ལོའི་བོད་ཟླ་ ༤ ཚེས་ ༡༥ ཉིན་གདན་ས་ཆེན་པོ་གོང་དཀར་ཆོས་སྡེ་རྩིས་བཞེས་གནང་བ་དང་། བོད་ཟླ་༧ ཚེས་༡༤ ཉིན་མཁན་རིན་པོ་ཆེ་ཡང་དགོན་དུ་ཆིབས་བསྒྱུར་མཛད་དེ། ཚེས་༡༥ ཉིན་ཚོགས་ཆེན་མཁན་པོའི་བཞུགས་ཁྲིར་མངའ་གསོལ་གྱིས་བསྟན་པ་གསོ་བའི་ཆེད་དུ་གྲྭ་གསར་བཅུ་ཙམ་ཆོས་སྒོར་འཇུག་པར་མཛད། འོན་ཀྱང་བསྟན་པའི་གེགས་ལྟ་བུར་ལོ་དེ་རང་དུ་དགུང་ལོ་༥༦ བཞེས་པའི་བོད་ཟླ་༡༢ ཚེས་༦ ཉིན་མཁན་རིན་པོ་ཆེ་སྐུ་གཤེགས།་

མཁན་རིན་པོ་ཆེའི་བྱམས་པ་ལེགས་ཚོགས་ཀྱི་རྣམ་ཐར་ཉུང་ངུར་བཏུས་པ། ཞལ་སློབ་བྱམས་པ་ཚེ་རིང་ལགས་ཀྱིས་བྲིས་པ་ལས་བཏུས།

p>. གོང་དཀར་དགའ་བས། [version: 2018-05-10]

ལོ་ཚིགས།
  • was principal abbot (ཚོགས་ཆེན་མཁན་པོ།) and རྡོ་རྗེ་སློབ་དཔོན། in 1959/1980s Ⓢfield (India<em>TK</em>2010) Ⓢfield (DC<em>India</em>2015-07-13)