gong dkar ba rnam thar I_A [2001] (p. 149): ཕྱིས་དགོན་ལག་དབེན་གནས་ཀྱི་ཚུལ་དུ། བདེ་ཆེན་ཆོས་འཁོར་ཞེས་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་མགོན་ཁང་དུ་ཆོས་སྐྱོང་ཆེ་བའི་སྐུ་ཉིད་རྗེ་བཙུན་དམ་པ་དེས་ཕྱག་བྲིས་ལས་གྲུབ་པ་སོགས་བཀོད་པས་ཁྱད་པར་དུ་འཕགས་པ་གཅིག་ཀྱང་བསྒྲུབས་པར་མཛད་དོ༎
rgyal dbang lnga pa rang rnam kha skong [2009] (vol. 9, p. 368.10-14): [...] འབྲུག་ལུགས་ལྷ་རྩེ་བ་གོང་དཀར་ཞབས་དྲུང་གི་དབུ་བླར་གྱུར་གཤིས་གོང་མ་བཀའ་རྒྱུད་རྣམ་རྒྱལ་ལམ་མི་དབང་གྲགས་པས་སྦྱིན་བདག་བྱས་ནས་གོང་དཀར་ཐོད་རིར་གྲ་ཚང་བཙུགས་པ་གོང་དཀར་གཙང་པས་བཟུང་དུས་གོང་དཀར་རྡོ་རྗེ་གདན་པའི་དབེན་དགོན་བདེ་ཆེན་ཆོས་འཁོར་དུ་འཕོས་པ་བླ་མ་ཀུན་དགའ་ལྷུན་གྲུབ་ཀྱིས་དར་རྒྱས་སུ་སྤེལ་བ་བདེ་ཆེན་ཆོས་འཁོར་པར་གྲགས་པ་[...]