R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 342
[A:342]ལ་སྲས་གསུམ་ཡོད་པའི་སྲས་ཆེ་བ་བྱ་ས་ལྷ་ཆེན།
འདིས་བྱ་སའི་ལྷ་ཁང་བཞེངས།
ཁྲི་དར་མ་གཅུང་པོར་རབ་ཏུ་བྱུང༌། ཁྲི་དར་མ་ལ་སྲས་བཞི་བྱུང་བ་གཙུག་ལྡེ།
སྲས་མེད།
ཁྲི་གཙུག་ཇོ་བོ་རྣལ་འབྱོར་
འདི་འབན་ཚིགས་སུ་བཞུགས།
ཇོ་བོ་སྨོན་ལམ་མོ། །
འདི་རབ་ཏུ་བྱུང་ནས་སྤུ་གུའི་གཟིམས་ཁང་དཀར་པོ་བརྩིགས་ཏེ་བཞུགས།
ཁྲི་བཙུག་གིས་བྱས་དང་དོས་སྔོན་བཟུང༌། དེའི་སྲས་ཁྲི་བཙན། དེའི་སྲས་ཤ་ཁ་ཁྲི། དེའི་སྲས་ལྷ་ཁྲི་ལ་སོགས་པ་ཡར་མདའ་བ་རྣམས་ཡིན་ནོ། །ཇོ་བོ་རྣལ་འབྱོར་ལ་སྲས་གསུམ་བྱུང་བ་ཆེ་བ་ཇ་འབག་བྱུང་བ། འབྲིང་བ་ལྷ་ཆེན་ནོ། །
འདིས་སྤྱིལ་ཕུའི་གདན་ས་མཛད།
ཆུང་བ་ལྷ་ངམ་ཤོད་པའོ། །
འདི་རབ་ཏུ་བྱུང་ནས་སྲས་མེད།
ཇོ་འབག་ལ་སྲས་ལྔ་འཁྲུངས་པའི་ཇོ་བོ་ཤཱཀྱ་མགོན་པོ། ལྷ་འགྲོ་བའི་མགོན་པོ།
འདིས་སྤྱི་ལ་ཕུའི་གདན་ས་མཛད་པས་གདུལ་བྱ་ཆེ༑
ལྡེ་པོ་
འདིས་འབན་ཚིགས་བཟུང༌།
ལྡེ་ཆུང་
འདི་གྲོངས་སྲས་མེད།
ཇོ་རྒྱལ་རྣམས་སོ། །
འདིས་སྲིད་བཟུང༌།
ལྡེ་པོའི་སྲས་ཇོ་བོ་ཤཱཀྱ་རྒྱལ། དེའི་སྲས་ཇོ་བོ་ཤཱཀྱ་དཔལ།
འདིས་འགྲོ་མགོན་འཕགས་པའི་དྲུང་དུ་རབ་ཏུ་བྱུང་ནས་སྲས་མེད།
ཇོ་རྒྱལ་གྱི་སྲས་ཇོ་འབར། དེའི་སྲས་གཉིས་པའི་ཆེ་བ་ལྷ་ཟུར་ཁང་པ།
འདིས་ཀྱང་སྤྱིལ་ཕུའི་གདན་ས་མཛད།
ཆུང་བ་ཁྲོམ་པོ་བ་རྣམས་ཀྱིས་དཔོན་དུ་གདན་དྲངས་ཏེ་ལྷ་ཁྲོམ་པོ་པར་གྲགས། ཇོ་བོ་ཤཱཀྱ་མགོན་པོས་གཅུང་པོ་རྣམས་ཐ་ཐང་དུ་ཕོག་ནས། ཁོང་རང་གི་ཕོ་བྲང་གནས་ཆུང་བཏབ། མངའ་ཐང་དཔལ་འབྱོར་ནམ་མཁའ་དང་མཉམ། དེའི་སྲས་ཇོ་བོ་ཤཱཀྱ་བཀྲ་ཤིས་ཀྱིས་ཕོ་བྲང་རྙིང་མ་བཏབ། དེ་ལ་སྲས་གཉིས་བྱུང་བ་ཆེ་བ་ལྷ་བྲག་ཁ་པ། ཆུང་བ་མངའ་བདག་གྲགས་པ་རིན་ཆེན་གྱིས་འགྲོ་མགོན་འཕགས་པའི་ཆག་ཕྱི་ལ་རྒྱ་ཡུལ་དུ་བྱོན། སེ་ཆེན་རྒྱལ་པོའི་ལུང་བླངས་ནས་ཕོ་བྲང་བྲག་ཁ་ལ་སོགས་པའི་ཕོ་བྲང་མང་དུ་བཏབ་ཐམས་ཅད་ལ་དབང་བསྒྱུར། མངའ་ཐང་དཔལ་འབྱོར་ནམ་