R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 343
[A:343]མཁའ་དང་མཉམ། དེ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་བློ་གྲོས་འོད། གཉིས་པ་མངའ་བདག་ཤཱཀྱ་མགོན་པོ།
འདིས་སྤྱིལ་ཕུའི་གདན་ས་མཛད། ཤཱཀྱ་མགོན་པོ་རྟིང་མ་ཡིན་པས། དཔལ་འབྱོར་ཆེ།
ཆུང་བ་ལྷ་བཙུན་ཚུལ་ཁྲིམས་བཟང་པོ།
གདན་ས་ཐིལ་དུ་རབ་ཏུ་བྱུང༌།
འདི་རྣམས་ནས་བཟུང་སྟེ། ཡར་ལུང་གི་ཇོ་བོ་ད་ལྟ་ཡན་ལ་རིམ་པར་བྱོན་པ་འདི་རྣམས་བོད་རྒྱལ་པོའི་གདུང་བརྒྱུད་ཟམ་མ་ཆད་པ་ཡིན་པས་རིགས་གཟུགས་ཡོན་ཏན་ཁྱད་པར་འཕགས་པ་ཡིན། འདི་དག་ནི་ཟུར་ཙམ་བསྡུས་པ་ཡིན་གྱིས། ཡར་ལུང་ཇོ་བོ་རིམ་པར་བྱོན་པ་རྣམས་ཀྱི་མཛད་པ་ཕྲིན་ལས་རྒྱས་པར་འདོད་ན། ལྷ་བཙུན་ཚུལ་ཁྲིམས་བཟང་པོས་བསྒྲིགས་པའི་རྒྱལ་རབས་ལ་གཟིགས་ཤིག བོད་གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་ལོ་རྒྱུས་དང༌། རྒྱ་དཀར་ནག་གི་རྒྱལ་པོ་དང༌། ཧོར་དང་མི་ཉག་གི་རྒྱལ་རབས་དང༌། ཁྱད་པར་དུའང་བོད་ཀྱི་ཆོས་རྒྱལ་རིམ་པར་བྱོན་པ་རྣམས་ཀྱི་རྣམ་ཐར་བསྡུས་ཏེ་ཟུར་ཙམ་ཡིན་ནོ། །འདི་དག་ནི་གཞན་གྱི་ཁ་རྒྱུག་དང་རང་གི་བློ་ཚོད་དང་རྣམ་རྟོག་གིས་ཀུན་ནས་བསླངས་པའི་ཡིད་དཔྱོད་རྣམས་སྤངས་ཏེ། སངས་རྒྱས་ཀྱི་བཀའ་མདོ་རྒྱུད་དང༌། རྒྱལ་པོའི་བཀའ་འབུམ་ལྷ་ས་དང་བསམ་ཡས་ཀྱི་བཀའ་གཙིགས་ཆེན་མོ། ཇོ་བོ་རྗེའི་གཏེར་ཡིག་ཆེ་ཆུང༌། ཆོས་འབྱུང་གི་ཡི་གེ་ཆེ་ཆུང༌། རྒྱལ་པོ་བཀའི་ཐང་ཡིག ཧོར་གྱི་ཡིག་ཚང༌། གཞན་ཡང་ཚལ་པ་ལ་སོགས་པའི་སྡེ་དཔོན། བསྟན་བཅོས་ལ་མཁས་པའི་གང་ཟག་རྣམས་ཀྱིས་བསྒྲིགས་པའི་རྒྱལ་རབས་ཀྱི་ཡི་གེ་མང་པོ་བསགས་ནས། རེ་རེ་བཞིན་ཞིབ་མོར་བལྟས། ཡིན་མིན་གྱི་ཐེ་ཚོམ་རྣམས་བསལ། སྣང་eds: ༼གནའ་༽སྐད་དང༌། བརྡ་སྐད་གོ་དཀའ་བ་རྣམས་བཅོས་ཏེ་གསལ་བར་བྱས། སྙན་ངག་དང་སྡེབ་སྦྱོར་གྱི་རྒྱན་གྱིས་མ་བསྒྲིགས་