R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 345
[A:345]ཆུབ་ཀྱི་ལམ་ལ་འགོད་པར་མཛད་ཅིང༌། ཁྱད་པར་འཕགས་པ་དེའི་ཐུགས་ཀྱི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་སོགས་པ་བོད་ཀྱི་ཆོས་རྒྱལ་རིམ་པར་བྱོན་པ་བློན་པོའི་ཚོགས་དང་བཅས་པ་རྣམས་ཀྱིས་ཐབས་དུ་མའི་སྒོ་ནས་བསྟན་པ་དར་ཞིང་རྒྱས་པར་མཛད་པའི་རྣམ་ཐར། ཆོས་འབྱུང་གསལ་བའི་མེ་ལོང་ཞེས་བྱ་བ་འདི་བསྟན་པ་དར་ཚུལ་གྱི་eds: ༼ལོ༽རྒྱུས་འདོད་eds: ༼པ༽དང༌། དད་ལྡན་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ས་སྐྱ་པ་བསོད་ནམས་རྒྱལ་མཚན་གྱིས་ས་ཕོ་འབྲུག་གི་ལོ་ལ་དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་ཆེན་པོར་ལེགས་པར་བསྒྲིགས་པ་འདིས། དུས་དང་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག །དགེའོ། །