R104: དཔལ་ལྡན་གསང་ཕུའི་གདན་རབས་གསལ་བའི་མེ་ལོང་།

  • Pagination (Witness A): ༡༢བ
[A:༡༢བ]སློབ་མ་དབུས་པ་བློ་གསལ་གྱིས་བཀའ་དང་བསྟན་བཅོས་འགྱུར་རོ་འཚལ་གྱི་ཕྱི་མོ་བརྩལ་ཞིང་ལེགས་པར་བཞེངས་ཏེ་སྣར་ཐང་དུ་བཞུགས་སོ། དམྱལ་ཞིག་གི་རྗེས་སུ་རྒྱ་འཆི་རུ་བ་ཤེས་རབ་དབང་ཕྱུག་གིས ་ལོ་བཅོ་བརྒྱད་གདན་ས་མཛད །དེ་ནས་ཆུ་མིག་པ་སེང་གེ་དཔལ་གྱི་དཔལ་གྱི་ལོ་བཅོ་བརྒྱད། ལྡན་མ་གྲགས་རིན་གྱི་ལོ་བརྒྱད། ལྷོ་བྲག་པ་བློ་གྲོས་ཨོ་རྒྱན་གྱིས་སྔ་རྟིང་ལ་དྲིལ་བས་ལོ་ཉི་ཤུ་རྩ་གཉིས། སྔ་རྟིང་བར་དུ་ཉང་རོང་པ་ཡེ་ཤེས་མགོན་པོ ་ལོ་བདུན། བརྩན་དགོན་པ་གཞོན་ནུ་བསམ་གཏན་གྱིས་ལོ་ཉི་ཤུ། བླ་བྲང་པ་ཆོས་དཔལ་རྒྱལ་མཚན་གྱིས་ལོ་དྲུག་གནང་། ཆོས་གྲགས་གཉིས་པ་གཞོན་ནུ་རིན་ཆེན་གྱིས་ལོ་བཅུ་གཉིས། ལྷ་སྟོན་ཞིག་པ་བསོད་ནམས་རྒྱལ་མཚན་གྱིས་ལོ་བཅུ་བདུན། ཡང་རྩེ་བ་ཚུལ་ཁྲིམས་བཟང་པོས་ལོ་ལྔ། ལྷ་ཡུལ་བ་གྲགས་པ་བཤེས་གཉེན་གྱི་ལོ་བཅུ་གསུམ། བོན་སྟོན་ཤེས་རབ་བཟང་པོ་ལོ་བདུན། འཇམ་དབྱངས་རིན་ཆེན་གྲགས་པས་ལོ་བདུན།བཀའ་དཀའ་བཞི་པ་ཡོན་ཏན་རྒྱ་མཚོ་ལོ་བཅུ་བཞི། དཀོན་མཆོག་ཚུལ་ཁྲིམས་ཀྱིས་ལོ་བདུན། རིན་ཆེན་རྣམ་རྒྱལ་གྱིས་ལོ་ཉི་ཤུ་རྩ་གཉིས། སངས་རྒྱས་འོད་ཆེན་པ་ལོ་དྲུག གྲགས་པ་དཔལ་ལོ་ལྔ། དབོན་དགེ་བ་དཀོན་མཆོག་རྒྱ་མཚོས་བཅུ་བདུན། མི་ཉག་རིན་ཆེན་བཟང་པོས་ཟླ་བ་བདུན། དཔལ་ལྡན་སེེང་གེ་ལོ་བཅུ་གཅིག ཀུནདགའ་དབང་ཕྱུག་ལོ་བཅུ་གསུམ། གུང་རུ་རིན་ཆེན་བྱང་ཆུབ་ ལོ་བདུན།རྩེད་རྩེས་ཐང་པ་ནམ་མཁའ་བརྟན་པ། ཆོལ་པ་གྲགས་པ་རྒྱན་མཚན། དམྱལ་པ་ཆོས་དཔལ་རྒྱལ་མཚན་། གཙང་ཆོས་ལུང་པ་བསོད་ནམས་ལེགས་མཆོག་