R104: དཔལ་ལྡན་གསང་ཕུའི་གདན་རབས་གསལ་བའི་མེ་ལོང་།

  • Pagination (Witness A): ༡༣ན
[A:༡༣ན]ཨ་མ་?བ་རྡོ་རྗེ་སེང་གེ གསང་འབྲོག་པ་རྒྱལ་བ་འོད་ཟེར་ལོ་བཅུ་བདུན། རྟ་ནག་པ་ནམ་མཁའ་ཆོས་འཕེལ་ལོ་བཅུ་གསུམ། མངའ་རིས་པ་ལེགས་པ་དོན་འགྲུབ་ལོ་ངོ་བཞི། གཞུང་པ་ཀུན་དགའ་འོད་སྲུངས་ལོ་ལྔ། ཞ་ལུ་བ་སྨོན་ལམ་དཔལ་ལོ་ངོ་གསུམ། ཤེས་རབ་ཉི་མ་ལོ་གཅིགརྩེད་རྩེས་ཐང་པ་བློས་གྲོས་འབྱུང་གནས་ལོ་བཅུ་བདུན། ཤངས་པ་ཤེས་རབ་བློ་གྲོས་ལོ་ཉི་ཤུ་རྩ་དྲུག མངའ་རིས་རཎ་དྷོ་་རྩ་ལོ་གསུམ། རྩེས་རྩེད་ཐང་པ་དཔལ་ལྡན་བློ་གྲོས་ལོ་ལྔ། ཞ་ལུ་བ་བསྟན་པ་རབ་རྒྱས་ལོ་བརྒྱད། གུང་རུ་འབྲོག་ཁང་པ་བསོད་ནམས་རྒྱལ་མཚན་ལོ་བཅུ་གཅིག དེ་ནས་ད་ལྟའི་གདན་ས་བ་བདག་ཉིད་དོ། ཅེས་པ་འདི་ནི་ཆོས་སྨྲ་བའི་བཙུན་བརྩུན་པ་རིན་ཆེན་འབྱོར་ལྡན་གྱིས་དཔལ་གསང་ཕུར་སྦྱར་ཞིང་། མཁས་གྲུབ་བློ་གྲོས་འབྱུང་གནས་སོགས་ཀྱི་ཀྱིས་གདན་རབས་ནི། བདག་ཆོས་སྨྲ་བ་བྱམས་པ་ཀུན་དགའ་འབྱུང་གནས་ཀྱིས་སྦྱར་བའོ། ཡི་གེ་པ་ནི་ཀུན་དགའ་རྒྱལ་པོ་འོ། ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་བཀྲིས་དང་དགེ་ལེགས་འཕེལ་ཕེལ་བར་གྱུར་ཅིག་གཅིག་