R104: དཔལ་ལྡན་གསང་ཕུའི་གདན་རབས་གསལ་བའི་མེ་ལོང་།

  • Pagination (Witness A): ༡བ
[A:༡བ] མཆོད་བརྗོད་ནི།༄༅། ། རྣམ་མང་འགྲོ་བའི་འདྲེན་པ་བླ་མ་མཆོག །རྣམ་པ་ཀུན་ཏུ་གུས་པས་ཕྱག་འཚལ་ནས། ། རྩོམ་པར་དམ་བཅའ།རྣམ་དག་མཁས་པའི་འབྱུང་ཁུངས་གསང་ཕུ་ཡི། །རྣམ་མཁྱེན་བླ་མའི་བྱོན་ཚུལ་མདོ་ཙམ་རྩམ་ཞིག ། ? རྣམ་གྲངས་ཧ་ཅང་རྒྱས་མིན་བསྡུས་མིན་པར། ། རྣམ་གྲོལ་གཏན་བརྟན་གྱི་བདེ་བ་སྐྱེས་སྐྱེས་པ་དང་། ། ? རྣམ་དཀར་ལྷག་བསམ་དག་པ་འགའ་ཞིག་གིས། །རྣམ་པར་བསྐུར་/བསྡུར་/བསྐུལ་? ཕྱིར་བརྗེད་ཐོར་བྲི་བར་བྱ། ། ? འདིར་དཔལ་ལྡན་གསང་ཕུའི་གདན་རབས་དང་དེ་རྣམས་ཀྱིས་བསྟན་བརྟན་པ་ལ་བགྱི་བ་མཛད་པའི་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་
[1]
ཐོག་མར་སྟོན་བསྟོན་པ་འཇིག་རྟེན་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ།
[2]
བར་དུ་དགྲ་བཅོམ་པ་རྣམས་ཀྱི་བཀའ་བསྡུ་བྱས་ཤིང་འཕགས་ཡུལ་དུ་བསྟན་དར་བའི་ཚུལ།
[3]
ཐ་མར་བོད་ཀྱི་སྤྲུལ་པའི་ཆོས་རྒྱལ་རྣམས་ཀྱིས་བསྟན་པ་སྤེལ་བའི་ཚུལ།
[4]
དེ་ལས་ཆོས་སྡེ་འདི་ཉིད་དུ་བསྟན་པའི་གསལ་བྱེད་རིམ་པར་བྱོན་པའི་ཚུལ་དང་བཞིའོ།
[1]
དང་པོ། བཅོམ་ལྡན་འདས་ཉིད་མེ་མོ་ཡོས་ལ་ཡུམ་གྱི་ཀྱིས་ལྷུམས་སུ་བཞུགས་ཞུགས། ས་ཕོ་འབྲུག་ལ་སྐུ་བལྟམས། ཆུ་ཕོ་སྟག་གི་དཔྱིད་ཟླ་ཐ་ཆུང་ས་ག་ཉ་བའི་ཐོ་རེངས་ལ་མངོན་པར་རྫོགས་སྫོགས་་པར་སངས་རྒྱས། དེ་ནས་སྣོད་བརྟག་རྟག་པའི་ཕྱིར་དུ་ཞག་བདུན་ཕྲག་བདུན་གྱི་ཀྱི་བར་དུ་ཆོས་མི་གསུང་བའི་ཚུལ་བསྟན། དེའི་རྗེས་སུ་ཝ་ར་ཎ་སིར་ལྔ་སྡེ་བཟང་པོ་སོགས་ལ་བདེན་པ་བཞིའི་ཆོས་འཁོར་དང་། དེ་ནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་མཚན་ཉིད་མེད་པའི་ཆོས་འཁོར་དང་། དེ་ནས་