R1080: ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལེགས་པར་བཤད་པ། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༣༨ན
[A:༣༨ན]༄༅༅། །ལ་མི་འཇིག་པའི་སྤོབས་པ་ཡང་དག་པའི་རིགས་པ་སེང་གེའི་ང་རོས་ཕས་ཀྱི་རྒོལ་བ་མ་ལུས་པ་འཇོམས་པའི་སྟོབས་དང་ལྡན་པ། སྨྲ་བའི་སེང་གེ་ཐམས་ཅད་མཁྱེན་པ་གཉིས་པས་དཔལ་ལྡན་གསང་ཕུར་སྦྱར་བའོ།། Printing Colophon, f. 38a1-6 ༏ ༎སྭ་སྟི་ཛ་ཡ། ངོ་མཚར་ཤེས་བྱའི་རི་མོ་མཐའ་དག་མཁྱེན་པའི་ཆ་ཤས་གཅིག་ལ་བྲིས། །སྲིད་པ་གསུམ་གྱི་ལུས་ཅན་མཐའ་དག་བརྩེ་བའི་ཞགས་པ་གཅིག་གིས་བཟུང། །འགྲོ་ལ་ཕན་བདེའི་ཆར་རྒྱུན་མཐའ་དག་མཛད་པའི་ཆུ་འཛིན་གཅིག་གིས་བསྒྲུབས། །དེ་འདྲ་གང་ཡིན་ཟས་གཙང་སྲས་ཞེས་ཀུན་གྱིས་མཆོད་པའི་ཡུལ་དེ་རྒྱལ། །གསུང་ཟེར་ཕྲེང་་ལྔ་སྐྱུགས་པས། །མདོ་སྡེའི་པད་མོ་ཀུན་བཞད་ཅིང། །ཀུན་གྱི་མགྲིན་པ་མཛེས་བྱེད་པ། །མི་ཕམ་མགོན་ལ་ཕྱག་བགྱིད་དོ། །དགའ་ལྡན་གནས་སུ་རབ་བགྲོད་པའི། །ངོ་མཚར་གཏམ་གྱི་དགའ་སྟོན་གྱིས། །སྐྱེ་དགུའི་ཡིད་རབ་འཕྲོག་བྱེད་པ། །ཐོགས་མེད་ཞབས་ལ་གུས་པས་འདུད། །གང་གི་ཞབས་སེན་པད་དཀར་ཕྲེང་་མཁས་པ་ཀུན་གྱི་ཐོད་དུ་བཅིངས། །རྨད་བྱུང་མཁྱེན་པའི་གོ་སྟོབས་གཅིག་གིས་མཁས་གསུམ་ར་བ་ཀུན་ལས་འགོངས། །གསུང་གི་བདུད་རྩིའི་ཟེགས་མ་ཙམ་གྱིས་རྣམ་དཔྱོད་ལུས་སྟོབས་བསྐྱེད་མཁས་པ། ཀུན་མཁྱེན་རོང་སྟོན་ཆོས་རྗེའི་ཞབས་ལས་གཞན་དུ་སྔོན་ཆད་སུ་ཞིག་བྱུང། །དེ་ལྟ་ན་ཡང་གངས་ཅན་འདིར། །འཇིག་རྟེན་ཀུན་གྱི་སྒྲོན་མ་ལ། །རྨོངས་པའི་མུན་ལས་མ་གྲོལ་བའི། །མེ་ཁྱེར་ཚོགས་ཀྱིས་འགྲན་པ་འཚར། །གསུང་ཟེར་ཆ་ཙམ་ལྷུང་བས་ཀྱང། །ཐུབ་བསྟན་པད་མོ་རྒྱས་བྱེད་ཅིང། །བློ་ཡི་མུན་པ་དྲུངས་འབྱིན་པའི། །ལེགས་བཤད་འོད་བརྒྱའི་ཕྲེང་་འདི། །ལྗོན་པའི་རྟ་བདུན་གྱིས་དྲངས་ཏེ། །སྐལ་ལྡན་ཀུན་གྱི་ནམ་མཁའ་ལ། །འབད་པ་མེད་པར་འཆར་བ་འདི། །ལུང་རིགས་མན་ངག་ཀུན་སྦྱངས་པའི། བོད་ཡུལ་དབུས་ཀྱི་ཡར་ལུངས་པ། ནམ་མཁའ་དཔལ་ལྡན་གང་དེ་ཡིས། མཉམ་མེད་ཆོས་ཀྱི་རྒྱལ་པོ་འདི །རྟག་ཏུ་སྐུ་ཚེ་བརྟན་ཕྱིར་བསྒྲུབས། །སྤར་ཀྱི་ཕྱོགས་ལ་འགྲན་གྱི་དོ་མེད་པའི། །དད་པའི་བསམ་པ་འགྱུར་བ་མེད་པ་ཡིས། །མི་ཡི་མཆོག་གྱུར་ལེགས་པ་བཟང་པོ་དང། བརྩོན་འགྲུས་བཟང་པོ་གཉིས་ཀྱིས་པར་བརྐོས། །འདིར་འབད་དགེ་བ་མཐུ་ཆེན་དེས། །ཐུབ་བསྟན་ཀུན་ནས་རྒྱས་གྱུར་ཅིག༎ །ཕ་མས་གཙོ་བྱས་འགྲོ་བ་ཀུན། །ཐེག་མཆོག་གཏམ་གྱིས་ཚིམ་པར་ཤོག། །མཾ་ག་ལཾ༎་༎ཤུ་བྷཾ༎