R1086: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཉམས་སུ་ལེན་པའི་རིམ་པ་མུན་སེལ་སྒྲོན་མེ། པར་རྙིང་། མཇུག་བྱང་།

  • Pagination (Witness A): 177
[A:177]གོང་མ་རྒྱལ་པོ་སྐུ་མཆེད་ཁུ་དབོན་བཅས། །སྐུ་ཚེ་བརྟན་ཞིང་ཆབ་སྲིད་རྒྱས་པ་དང་། །འགྲོ་ཀུན་ཡང་དག་ལས་ལ་བཞག་པའི་ཕྱིར། །སྡེ་སྣོད་གསུམ་དང་སྒྲ་དང་སྙན་ངག་སོགས། །མཁས་པ་མགུ་བའི་ཡུལ་ལ་དབང་བསྒྱུར་བའི། །གདན་ས་ཆེན་པོ་དཔལ་གྱི་རྩེརྩི་ཐང་བ། །ནམ་མཁའ་བསྟན་པའི་རྒྱལ་མཚན་མཆེད་བཞིས་བསྒྲུབས། རིག་བྱེད་མཁས་པ་བློ་གྲོས་དཔལ་འབྱོར་དང་། །ལེགས་བཟང་བརྩོན་འགྲུས་བཟང་པོ་སོགས་ཀྱིས་རྐོས། །འདིར་འབད་དགེ་བ་གང་ཞིག་ཐོབ་པ་དེས། །ཐུབ་པའི་བསྟན་པ་ཀུན་ནས་རྒྱས་པ་དང་། །བསྟན་འཛིན་ཐམས་ཅད་སྐུ་ཚེ་རིང་བ་དང་། །འཇིག་རྟེན་བདེ་ཞིང་འདོད་པ་ཀུན་འགྲུབ་ཤོག། །ཅེས་པ་ཆོས་རྗེ་ས་སྐྱ་པའི་ལུགས་ཀྱི་ཐུབ་པའི་དབང་པོ་ས་ཕོ་འབྲུག་ལ་སྐུ་འཁྲུངས་ནས་ལོ་སུམ་སྟོང་དྲུག་བརྒྱ་བཞི་བཅུ་ཞེ་ལྔ་པ། ཆུ་བོ་བྱི་པའི་ལོ་ལ་དཔལ་ལྡན་གསང་ཕུ་ནེའུ་ཐོག་གི་སྡེ་ཆེན་པོར་གྲུབ་པ་མཾ་ག་ལཾ་བྷཝནྟུ། [...]