[A:༡༥༠ན]Colophon, ff.
[...]Author Colophon, f. 150a1-4
།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པའི་རྣམ་བཤད་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ་འདི་ནི ། སྙན་པའི་གྲགས་པས་སའི་སྟེང་མ་ལུས་པར་ཁྱབ་པ ། འགྲན་ཟླ་མེད་པའི་མཁས་པ་ཆེན་པོ ། སངས་རྒྱས་དཔལ་ལ་སོགས་པ ། མཁས་ཤིང་གྲུབ་པ་བརྙེས་པའི་ཡོངས་འཛིན་མང་པོའི་ཞབས་རྡུལ་སྤྱི་བོར་བླངས་པ་ལ་བརྟེན་ནས ། བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ ། འཆད་པ་དང་བརྩོད་པ་དང་རྩོམ་པ་དང་བསྒོམ་པའི་ཚུལ་ལ་བསྙེངས་པ་མེད་པའི་དགེ་སློང་ཤར་རྒྱལ་མོ་རོང་པ་རོང་སྟོན་ཆེན་པོ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོས ། མཁས་གྲུབ་མཐའ་ཡས་པའི་འབྱུང་གནས་སུ་གྱུར་པ ། ན་ལེནྟྲའི་གཙུག་ལག་ཁང་ཆེན་པོ་དང་ཚུལ་མཚུངས་པ ། དཔལ་ལྡན་གསང་ཕུ་ནེའུ་ཐོག་གི་སྡེ་ཆེན་པོར་སྦྱར་བའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་ཡུན་རིང་དུ་གནས་པར་གྱུར་ཅིག༎
Printing Colophon, f. 150a4-6
།སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་ས་སྐྱོང་དབང།
།སྦྱིན་པའི་སྒོ་འཕར་ཡངས་པ་རབ་ཕྱེ་ཞིང།
།དད་པའི་ཆུ་གཏེར་གཡོ་བ་དུ་དབེན་ཤས།
།འབྱོར་པའི་སྤོབས་པ་རྒྱ་ཆེན་རབ་ཏུ་བསྐྱེད།
།གཞན་ཡང་དཀར་པོའི་ལས་ལ་སྤྲོ་རྣམས་ཀྱིས།
།འཐུན་རྐྱེན་རྒྱུ་སྐར་མེ་ཏོག་རབ་བཀྲམ་པ།
།རབ་ཏུ་སྐུལ་བར་བྱེད་པ་ལུང་རིགས་དབོན།
ལྷག་པའི་བསམ་ལྡན་དུ་མས་རབ་འབད་པའི།
།པར་འདིའི་རྐང་འཐུང་རྒྱལ་བུ་གྲགས་པའི་མཚན།
།གང་གི་ཡུམ་ལ་ཐར་པ་བསྐྲུན་པའི་ཆེད།
གཉིས་སྐྱེས་ལོ་ལ་ས་ག་ཟླ་བ་ཡི།src: bird-year, i.e. 1393, 1405, 1417, 1429, 1441
།དཀར་ཕྱོགས་འཕེལ་ཚེ་བྱང་ཆུབ་གླིང་དུ་བསྒྲུབས།
།དགེ་བ་ནམ་མཁའི་ཁམས་ལྟར་ཡངས་པ་དང།
།གང་གྷའི་ཆུ་ཀླུང་ལྟ་བུར་དྲི་མེད་ཅིང།
།སྟོན་ཀའི་ཟླ་འོད་ལྟ་བུར་དཀར་བ་ཡིས།
།ཐམས་ཅད་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག།
།མཾ་ག་ལཾ་བྷ་ཝ་ཏུ༎ ཤེས་ཕྱིན་འདིའི། ཞུས་དག་བརྐོས། ཡར་ལུངས་པ། དཔལ་འཕེལ་གྱིས། དག་པར་བསྒྲུབས།