R11: སློབ་དཔོན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༣༢
[A:༣༢]༄༅༅། །སློབ་དཔོན་རིན་པོ་ཆེའི་རྣམ་ཐར་བཞུགས། ། ༄༅༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཁྱོད་ཉིད་དམ་པ་རྣམས་ཀྱི་རིགས་འཁྲུངས་ཤིང༌། །འགྲོ་ཀུན་དགའ་བའི་དཔལ་གྱིས་ཉེར་འཚོ་བ། །དོན་གྱི་སྙིང་པོ་རྣམ་རོལ་མཆོག་བརྙེས་པ། །བློ་གྲོས་ཆེན་པོ་བླ་མའི་ཞབས་ལ་འདུད། །འཇམ་པའི་དཔའ་ཡང་མི་ཡི་གཟུགས་འཛིན་པས། །སྣ་ཚོགས་ཐབས་ཀྱིས་དུས་ལས་མི་ཡོལ་བར། །རྣམ་མང་འགྲོ་བའི་མགོན་སྐྱབས་དུ་མ་མཛད། །བླ་མ་མཆོག་ཁྱོད་འཇིག་རྟེན་ཀུན་ལ་བརྩེ། །ཁྱོད་ཀྱི་རྡོ་རྗེ་གསུམ་ལས་བསྐྱེད་གྱུར་པ། །ལེགས་བྱས་བསོད་ནམས་དཔག་མེད་ཀྱིས་འཕངས་ཏེ། །མྱང་འདས་རྩེ་མོར་ཕྱིན་པའི་དམ་པ་མཆོག །རྩོད་མེད་མཁས་པའི་དབང་པོར་ཀུན་ལ་གྲགས། །བཀྲ་ཤིས་དགེ་མཚན་དཔལ་གྱིས་མངོན་མཐོ་བ། །ས་ཡི་མཆོག་གྱུར་ས་སོགས་དཀར་མདངས་སྐྱ། །ཆོ་འབྲང་མཆོག་གྱུར་མ་རིག་ལས་འཁོན་ཏེ། །སྤང་བྱའི་གཡུལ་ལས་རྒྱལ་བར་འཁྲུངས་ལ་འདུད། །སྔོན་གནས་དྲན་
རྒྱ་གར་དུ་མི་ཐུབ་ཟླ་བ་ལ་སོགས་པཎྜི་ཏ་བཅུ་གཅིག་བརྒྱུད་ནས་སྐྱེ་བ་བཞེས་ཏེ་དོན་མཛད་པ།
ཞིང་བྱིས་པའི་སྤྱོད་པ་སྤངས།
།ཡུམ་ལ་བཙས་མ་ཁད་སཾ་སྐྲྀ་ཏའི་སྐད་བདག་ནི་བྱིས་པའི་སྤྱོད་པ་ལས་འདས་པའོ་ལན་གཉིས་སུ་བཏུད་ནས་གསུངས་ཤིང་དུས་ཀུན་ཏུ་སྐྱིལ་མོ་ཀྲུང་བྱས་པས་ཡ་མཚན་
པར་གྱུར་ཏོ།
།འཇམ་དཔལ་ཀྱེ་རྡོར་སྒྲོལ་མ་མི་གཡོ་རྣམས་དགུང་ལོ་དགུ་པ་ལ་ཞལ་གཟིགས་ཤིང་རྒྱུད་གསུམ་བདེ་མཆོག་རྩ་རྒྱུད་ཀུན་ལས་བཏུས་དང་ལྔ་ཐུགས་ལས་གསུངས།
འདོད་ལྷས་ཞལ་བསྟན་རྒྱུད་སྡེ་རྒྱ་མཚོ་ཡི། །
རྒྱུད་སྡེ་བཅུ་བཞི་ཐུགས་ལས་གསུངས་ཤིང༌།
དྲང་ངེས་དོན་ལ་བློ་རྒྱས་བཅུ་བདུན་ཚེ། །
རྡོ་རྗེ་ཐེག་པ་མཐའ་དག་ལ་མཁས་པར་རྒྱ་བོད་ཀུན་ལ་གྲགས།
གངྒཱ་ཚུན་ཆད་ཡོངས་སུ་གྲགས་ལ་འདུད། །
རྡོ་རྗེ་གདན་གྱི་ཡ་ཐེམ་ལ་འཇམ་དཔལ་གྱི་སྤྲུལ་པ་མཁན་པོ་བསོད་ནམས་རྩེ་མོ་རྡོ་རྗེ་ཐེག་པ་མཐའ་དག་གི་དབང་ཕྱུག་དམ་པ་ས་སྐྱར་སྐྱེས་ཟེར་བའི་མཁའ་འགྲོ་མའི་ཡི་གེ་བྲིས་པ་ཀོ་ཤཱམྦྷིའི་པཎྜི་ཏ་དེ་བ་མ་ཏིའི་