R11: སློབ་དཔོན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༣༣
[A:༣༣]ཕྱོགས་ཀུན་དུ་གྲགས་པ་བོད་ཉིད་ལ་རྩད་ཆོད་ཟེར།
དུས་གཅིག་གསུང་ངག་སྟོན་ཚེ་ནམ་མཁའ་ལ། །མཆོད་སོགས་དབུས་ན་འཇམ་དཔལ་བིརྺ་པ། །
ནམ་མཁར་རྗེ་པ་ལ་འཇམ་དཔལ། ཇོ་ལྕགས་ལ་བིརྺ་པ། གཉག་དང༌། རྨོག་སྟོན། གཙུག་ཏོར་དབོན་པོ་ལ་སོགས་ཆོས་ཉན་ཕལ་གྱིས་སྤྱན་རས་གཟིགས་སོགས་སུ་མཐོང་བས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས།
སྤྱན་རས་གཟིགས་དབང་མཐོང་སྣང་གསུམ་བསྟན་ནས། །བཅུ་
དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལ་གཟིམས་ཁང་རྙིང་མར་ལམ་འབྲས་གསུངས་པའི་ལྟ་བའི་སྐབས་ཚེས་བཅུ་གཅིག་གི་ཉིན་བླ་མ་ལ་མིའི་སྣང་བ་ནུབ།
དགུ་དག་པའི་སྣང་བ་གྱུར་ལ་འདུད། །མནལ་ཚེ་འོད་གསལ་དག་གི་མཉམ་པར་འཇོག །མཐུ་སྟོབས་དབང་ཕྱུག་ཡི་དམ་གང་རུང་ལ། །ཉིན་མཚན་གང་ཡང་ཐེ་ཚོམ་གཅོད་མཛད་པའི། །རིག་པའི་གནས་ལྔ་མཐའ་རུ་ཕྱིན་ལ་འདུད། །གང་གི་ཀུན་སྤྱོད་ཉེས་པའི་དྲི་མ་བྲལ། །ལོག་སྨྲའི་མཐའ་སྤངས་བདེན་དོན་གསུང་བ་པོ། །སྤྲོས་པ་མེད་ཐུགས་སྟོང་ཉིད་སྙིང་པོ་ཅན། །ས་གསུམ་སྙན་པར་གྲགས་པ་ཁྱོད་ལ་འདུད། །སྒྲ་ཚད་ཕ་རོལ་ཕྱིན་དང་གསང་སྔགས་སོགས། །གཟིགས་པ་ཙམ་གྱིས་ཚིག་དང་དོན་བཅས་པར། །ལེགས་དགོངས་གཞན་ལ་ཕན་པ་ལྷུར་ལེན་པའི། །མཁྱེན་པའི་སྤྱན་རས་གསལ་བ་ཁྱོད་ལ་འདུད། །གཡེལ་བ་མེད་པ་འཆད་རྩོད་རྩོམ་པ་དང༌། །རིམ་གཉིས་རྣལ་འབྱོར་རྒྱུན་ཆད་མེད་པ་ཡིས། །རྗེས་ཐོབ་སྒྱུ་མར་མཁྱེན་ནས་སེམས་ཅན་ལ། །སྦྱིན་པ་རྣམ་བཞིས་ཚིམ་མཛད་ཁྱོད་ལ་འདུད། །བླ་ཆེན་འདོད་ལྷ་ཀུན་ལས་ཆོས་རྣམས་ནོད། །དབུས་གཙང་མཁས་རྣམས་བསྟེན་ནས་སྦྱང་ཚུལ་བསྟན། །བསྟན་པའི་སྲོག་ཤིང་ཆེན་པོ་རྩ་བདུན་ལ། །འཛམ་གླིང་ཡོངས་སུ་གྲགས་པ་ཁྱོད་ལ་འདུད། །པོ་ཏ་ལ་དང་དཔལ་རི་ཨུ་ཌྱན་དུ། །ཉིན་ཕྱེད་ཙམ་གྱིས་ལེགས་འཁོར་མཁའ་འགྲོ་དང༌། །དཔའ་བོའི་ཚོགས་དང་སྤྱོད་པའི་བརྟུལ་ཞུགས་སྤྱད། །རྣམ་འཕྲུལ་དུ་མས་ཉེ་གནས་ཡི་རང་འདུད། །དབང་