R11: སློབ་དཔོན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༣༥
[A:༣༥]བརྩད་པར་མི་བཟོད་ཀྱང༌། །དྲེགས་པའི་ཉེས་པ་བྲལ་ལ་བདག་ཕྱག་འཚལ། །དམ་པའི་གནས་སུ་ཆུ་ཕོ་ཁྱི་ལོ་ལ། །སྐུ་བལྟམས་ཞིང་འདིར་དོན་མཛད་ཞེ་གཅིག་པ། །ཆུ་ཕོ་སྟག་གི་སྨལ་པོའི་བཅུ་གཅིག་ཚེ། །བདེ་བ་ཅན་དུ་གཤེགས་ལ་གུས་ཕྱག་འཚལ། །འཇིག་རྟེན་ཀུན་གྱི་མིག་གཅིག་བླ་མ་ལ། །ཅུང་ཟད་བསྟོད་འདི་དཔལ་ལྡན་ས་སྐྱ་རུ། །དགེ་བསྙེན་གྲགས་པ་རྒྱལ་མཚན་བདག་གིས་བསྡེབས། །དགེ་བས་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །བླ་མའི་ཕྱག་དཔེ་ལས་ཡར་སྒོམ་གྱིས་ས་སྐྱར་བྲིས། བླ་མ་ས་སྐྱ་པ་ཆེན་པོའི་བསྟོད་པ་སློབ་དཔོན་རིན་པོ་ཆེས་མཛད་པ་གཉིས་དང་བཅས་པ་རྗེ་བཙུན་ལ་ཞུས་སོ། །གཅིག་མ་རྙེད། འུ་ཡུག་ན་དབྱར་སྦུ་མའི་རྗེས་མ་ལ་ཚང་མ་ཡོད་ཟེར། འདིར་བཙལ་ནའང་རྙེད་རེའོ། །ཕྱག་ཡིག་ལས་དྷརྨཱ་ཤྭ་རས་བྲིས་པ་དགེའོ་ཟེར་བརྒྱ་ལ་ཚ་ལུང་མང་པོའི་ཕྱག་དཔེ་ལ་སྣང་བ། ཡར་ལུང་པ་སེང་གེ་རྒྱལ་མཚན་གྱིས་དག་པར་གཏུགས་པའོ།།