R1116: ལུང་དང་བརྒྱུད་པ་སྣ་ཚོགས་ཐོབ་པའི་གསན་ཡིག

  • Pagination (Witness A): 526
[A:526]མཛད་པའི་འགྲེལ་པ་དང༌། ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་གཅིག་མ་དང༌། ཚིགས་སུ་བཅད་པ་གཅིག་པའི་མདོ་དང༌། ཚིགས་སུ་བཅད་པ་གཉིས་པ་དང༌། སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་རྗེས་སུ་འབྲང་བའི་རྗེ་བཙུན་མ་སྒྲོལ་མའི་སྒྲུབ་ཐབས་རྣམས་ཐོས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་དཔལ་ ཤེས་རབ་གསང་བས་དགེ་བའི་བཤེས་གཉེན་དཀོན་མཆོག་རྒྱལ་པོ་ལ་གསུངས་པ་ལས་བརྒྱུད་པ། སློབ་དཔོན་དགེ་བའི་བཤེས་གཉེན་ཞང་ཞུང་རྡོ་རྗེ་འོད་ཟེར་ལས་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་དང༌། གསང་བའི་སྒྲོན་མ་དང༌། ཡེ་ཤེས་སྙིང་པོ་རྣལ་འབྱོར་མའི་རྒྱུད་རྣམས་ཀྱི་ལུང་བླངས་སོ། །བཅོམ་ལྡན་འདས་གཤིན་རྗེ་གཤེད། སློབ་དཔོན་བིརྺ་པཌོམྦི་ཧེ་རུ་ཀ བི་ར་ཌི་པ། གམྦྷི་ར་མ་ཏི། ནཥྐི་ལངྐ་དེ་བ། ར་བེནྡྲ་པྲ་བྷ་བ་ལས་བརྒྱུད་པ་བླ་མ་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་ཆེན་པོ། གློ་བོ་ལོ་ཙཱ་བ་ལས་གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་དེའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་ལྷ་བཅུ་གསུམ་པའི་སྒྲུབ་ཐབས། སློབ་དཔོན་བིརྺ་པས་མཛད་པའི་ལྷ་ལྔའི་སྒྲུབ་པའི་ཐབས། སློབ་དཔོན་བློ་གྲོས་བཟང་པོས་མཛད་པའི་ལྷ་ལྔའི་སྒྲུབ་པའི་ཐབས་རང་བྱིན་བརླབ་དང༌། སློབ་དཔོན་བིརྺ་པས་མཛད་པའི་འཕྲུལ་འཁོར་གྱི་ཆོ་ག་དང༌། གཤིན་རྗེ་གཤེད་དམར་པོ་དཔའ་བོ་གཅིག་པའི་སྒྲུབ་ཐབས། འཕྲུལ་འཁོར་གྱི་ཆོ་ག་རྒྱས་པ། སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པའི་འཕྲུལ་འཁོར་གྱི་དེ་ཁོ་ན་ཉིད། སློབ་དཔོན་རྣམ་པར་སྣང་མཛད་སྲུང་བས་མཛད་པའི་དཔའ་བོ་གཅིག་པ་སྒྲུབ་པའི་ཐབས། སློབ་དཔོན་བིརྺ་པས་མཛད་པའི་གཏོར་མའི་