R1128: དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དཀའ་འགྲེལ་སྙིང་པོའི་དོན་རབ་ཏུ་གསལ་བའི་རྒྱན། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༡༩༨ན
[A:༡༩༨ན]Colophon, ff. 198a5-199a7 [...]Author Colophon, f. 198a5-b7 རྡོ་རྗེ་འཛིན་པ་རྣམས་དང་རྒྱལ་བའི་བདག་པོའི་གསང་བའི་མཛོད་ནི་གཞན་མེད་པ།། དེའང་ཤེས་རབ་མིག་ཞན་དད་པའི་གོམ་སྟོབས་འཁྱོར་བ་བདག་གིས་ཅི་བྱར་ཡོད།། དེ་ལྟ་ན་ཡང་ངག་གི་དབང་ཕྱུག་དང་ནི་འཇིག་རྟེན་མགོན་པོའི་ཐུགས་རྗེ་ཡིས།། བདག་ལ་ཡོངས་སུ་སྐྱང་བ་མཛད་པས་བློ་ཞན་བདག་ཀྱང་སྤོབས་པ་ཅུང་ཟད་སྐྱེས།། ཐུབ་པའི་རིང་ལུགས་ལ་གནས་མཁའ་ལྟར་ཡངས་པའི་བློ་ཅན་དག་གི་དབང་ཕྱུག་གི།། གསུང་གི་སེར་བུ་འཇམ་པོས་ལྷག་པར་བསྐུལ་བ་ལས་ནི་རྒྱུད་ཆེན་ནམ་མཁའི་མཐའ།། འཇལ་བར་བྱེད་པའི་ལེགས་བཤད་སྤྲིན་གྱི་ཕྲེང་བ་དག་ནི་དེ་རིང་འདིར་འཁྲིགས་ཏེ།། སྐྱ་བོ་