[A:༨༢ན][...]Carving Colophon, f. 82a4-82a8
༄༅།། ཨོཾ་དཔལ་ལྡན་དང་པོའི་སངས་རྒྱས་ཉིད་ཅེས་འགྲོ་བའི་ཡིད་ཀྱི་བདུད་རྩི་ནི།།
སྐལ་བཟང་སྐྱེ་བོའི་འདོད་པ་འཇོ་ལ་བསོད་ནམས་ཟོང་གིས་རྙེད་པ་བཞིན།།
མཐོང་བའི་་ཀུན་གྲོལ་ཡེ་ཤེས་སྐུ་གང་མངོན་བྱེད་པ།།
གང་དེར་མི་རྣམས་དོགས་མེད་འཇུག་ལ་རྒྱུད་གསུམ་གསང་བ་རྣམ་ཕྱེ་བའི།།
ཆོས་ཀྱི་སྒོ་མོ་ཡངས་པ་འདི་ནི་གཞོན་ནུའི་མཚན་དེས་སྐལ་བཟང་མཛད།།
ཐར་པས་ཡིད་དྲངས་མཆོག་གི་སྐྱེ་བོ་མཚུངས་མེད་མགོན་དེས་རྗེས་གཟུང་བའི།།
དད་དང་ཤེས་རབ་གཏོང་དང་ཚུལ་ཁྲིམས་གུས་པ།།
དེ་དག་ཆོས་འདི་ཅི་ཡང་འཕེལ་ལས་མཆོག་ཏུ་དགེ་བར་ཡོངས་དགོངས་ཏེ།།
རྣམ་དཀར་འཐུན་པའི་རྐྱེན་བཟང་ལེགས་སྦྱར་ནས།།
ཆུ་མོ་ལུག་གི་ལོ་ལ་ཆོས་གྲྭ་ཆེ།།
རྩེས་ཐང་བསམ་གླིང་ཀུན་བཟང་རྩེ་ཞེས་པར།།
པར་དུ་གྲུབ་པའི་ཡི་གེའི་འདུ་བྱེད་ནི།།
བློ་ལྡན་བསོད་ནམས་བཟང་པོ་ཞེས་བྱ་དང།།
པར་མཁན་གྲགས་སེང་བཀྲ་ཤིས་རྒྱལ་མཚན་དང།།
རྒྱ་མཚོ་ཞེས་བྱ་ཚུལ་འདིར་མཁས་རྣམས་ཡིན།།
ཡོངས་སུ་གྲུབ་པའི་དོ་དམ་ཞལ་ཏ་པ།།
བསོད་ནམས་རྒྱ་མཚོས་དད་པའི་ཡིད་ཀྱིས་བསྒྲུབས།།
འདི་ལས་རྣམ་པར་དཀར་བ་གང་ཐོབ་དེས།།
ཕྱོགས་འདིར་ཡོངས་སུ་འབད་པར་མཛད་རྣམས་ཀྱིས།།
ཐོག་གྲངས་ནམ་མཁའ་མཉམ་པའི་འགྲོ་བ་འདིས། །
དཔལ་ལྡན་དུས་ཀྱི་འཁོར་ལོ་ཉིད་གྲུབ་ཤོག།།
༑ །ཆོས་ཀྱི་རྒྱལ་པོ་ཆོས་བཞིན་ས་སྐྱོང་བའི།།
མངའ་རིས་འབྱས་པར་ཆེ་བའི་འཛིན་མ་འདིར།།
དཔལ་ལྡན་བླ་མའི་ཞབས་པད་ཡོངས་བརྟན་ཞིང།།
རྟག་ཏུ་བཤད་དང་སྒྲུབ་པའི་དགའ་སྟོན་གྱིས།།
ཐུབ་བསྟན་ཡོངས་སུ་འཕེལ་བ་ཉིད་གྱུར་ཅིག།།