[A:ཅ ༡༤ན][...]
Carving Colophon, ff. 14a3-15a6
༄༅། ། ཨོཾ། དེ་ལྟར་རྒྱལ་བའི་རྒྱ་ཆེན་ཆོས་ཚུལ་ཧ་རི་ཙན་དན་ནགས་ཀླུང་ཡངས་པའི་སྙིང་པོ་ལས་ཀྱང་སྙིང་པོ་ཡི།། བསྟན་བཅོས་མཆོག་གི་བདེ་བྱེད་དུས་བཟང་འཕགས་པའི་ཡུལ་དང་གངས་ཅན་ལྗོངས་འདིར་གྲུབ་བདག་བུ་མོས་ཡོངས་སུ་བསྟེན།། རང་གི་སྙིང་པོ་མཛེས་པ་གཟིགས་པའི་ཕུལ་བྱུང་ཉམས་བརྒྱ་རྒྱ་ཆེན་རྒྱལ་བའི་གདུང་འཚོབ་མཆོག་གྱུར་ལྔ་བརྒྱ་བའི།། གཙུག་གི་ནོར་བུ་གཞོན་ནུ་ཞེས་བྱ་སྙན་པར་གྲགས་དེའི་མཁྱེན་པའི་མེ་ལོང་ཡོངས་སུ་གཙང་བར་ཐོགས་མེད་ཅེས།། འཕགས་པའི་སར་བཞུགས་ཤིང་རྟ་ཆེ་དེའི་རྒྱས་འགྲེལ་མཆོག་དང་ལེགས་པར་སྦྱར་བའི་འགྲེལ་བཤད་གསལ་བ་ཡོངས་སུ་ཤར།། ཤིན་དུ་ཕྲ་བའི་ཐ་སྙད་ཚུལ་ལས་ནམ་ཡང་འགོང་མིན་ཕྱག་རྒྱ་ཆེན་པོའི་དོན་ཟབ་བདུད་རྩི་ཡོངས་སྩོལ་བྱེད།།
དཔལ་ལྡན་དྭགས་པོའི་བཀའ་བརྒྱུད་མཆོག་གི་ཡང།།
རིང་ལུགས་རྒྱ་ཆེར་གསལ་བའི་འོད་སྟོང་ཅན།།
སྔོན་མེད་ཆོས་ཀྱི་ཉི་མ་འདི་ཤར་བས།།
སྒྲུབ་བརྒྱུད་མཆོག་འདིའི་གཙོ་བོ་ཕུལ་བྱུང་བ།།
ཀུན་གྱི་ཐུགས་མཁའ་ཡོངས་སུ་དང་ཐོབ་སྟེ།།
གང་འདི་འཕེལ་དང་རྒྱས་ལ་ལེགས་དགྱེས་གྱུར།།
རྒྱལ་དབང་སྤྲུལ་པའི་འཁོར་ལོ་ནི།།
ནམ་མཁའ་ཇི་སྲིད་འགྲོ་བ་འདིར།།
བསོད་ནམས་བཞིན་དུ་ཡོངས་སུ་འཇུག།།
ཞྭ་དམར་ཅོད་པན་འཛིན་པ་ཞེས།།
ཆོས་ཀྱི་གྲགས་པའི་ཨུཏྤལ་ཕྲེང།།
ཕྱོགས་ཀྱི་བུ་མོའི་རྣ་བར་འཛེགས།།
དེ་ཡི་ཕྲིན་ལས་བཟང་པོ་ཡིས།།
ཚུལ་འདི་ཡོངས་སུ་རྒྱས་པའི་སླད།།
རིན་ཐང་ཆེན་པོས་རྙེད་དཀའི་ནོར།།
དཔག་ཡས་རེ་སྐོང་དཔག་