R1136: གསུང་རབ་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བཡ་གསལ་བར་བྱེད་པ་ལེགས་པར་བཤད་པའི་སྙིང་པོ། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༦༠བ
[A:༦༠བ]དཔལ་འབྱོར་འཛིན། །ཆབ་སྲིད་ཆོས་བཞིན་སྐྱོང་བའི་ཁུ་དབོན་གྱིས། །རྣམ་བཤད་དཔར་དུ་བསྒྲུབས་ནས་ཆོས་སྦྱིན་མཛད། །དེ་ལས་བྱུང་བའི་ལེགས་ཚོགས་ཅི་མཆིས་པས། །སྐྱེ་དང་སྐྱེ་བའི་ཚེ་རབས་ཐམས་ཅད་དུ། །མི་ཁོམ་གནས་རྣམས་མ་ལུས་རབ་སྤོངས་ནས། །དལ་འབྱོར་རྟེན་ལ་ལམ་བཟང་སྒྲུབ་པར་ཤོག། །ཕྱོགས་བཅུའི་ཞིང་དུ་རྒྱལ་བ་སྲས་བཅས་ཀྱིས། །རྒྱལ་བའི་སྲས་ཀྱི་སྤྱོད་པ་ཇི་སྙེད་པ། །གང་ཞིག་བསྒྲུབས་པ་དེ་དག་བདག་གིས་ཀྱང། །དུས་རིང་བསྟེན་ལ་ཞུམ་པ་མེད་གྱུར་ཅིག། །བསྡུ་དངོས་བཞི་དང་ཕ་རོལ་ཕྱིན་དྲུག་གི། །ཐབས་མཁས་སྤྱོད་པ་མ་ལུས་རྫོགས་བྱེད་ཅིང། །དག་པའི་ཞིང་དུ་རྒྱལ་བ་རྒྱ་མཚོ་ལ། །ཆོས་ཚུལ་མ་ལུས་ཉན་དང་སེམས་པར་ཤོག། རྣམ་བཤད་འདི་ནི་གང་དག་འཛིན་པ་དང། །ཚུལ་བཞིན་སེམས་དགའ་ཆད་པར་བྱེད་པ་རྣམས། །འཇམ་པའི་དབྱངས་ཀྱིས་མངོན་སུམ་ལུང་སྟོན་ཅིང། །སྟོབས་བཅུ་མངའ་བའི་གོ་འཕང་བརྙེས་གྱུར་ཅིག། །རྒྱལ་བའི་གསུང་རབ་མ་ལུས་པ་ལ་དབང་བསྒྱུར་བའི་རྒྱལ་སྲིད་ཀྱི་དཔལ་འཛིན་ཅིང། ཡང་དག་པའི་རིགས་ལམ་ནས་དྲངས་པའི་གཙུག་ལག་མཐའ་དག་གི་དོན་མངོན་དུམ་མཛད་པས། གཞན་གྱི་དྲིང་མི་འཇོག་པའི་སྤོབས་པ་དགེ། དེ་ན། རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་བྱོན་པས། ཟབ་པ་དང་རྒྱ་ཆེ་བའི་དོན་གྱི་ཡིད་བཞིན་གྱི་ནོར་བུ་བླངས་ནས། གངས་རིའི་ཁྲོད་ཀྱི་སྐྱེ་བོ་བློའི་མིག་ཡོངས་སུ་དག་པ་རྣམས་ལ་ཉེ་བར་སྦྱིན་པར་མཛད་པ་སྲིད་ཞིའི་རྒུད་པ་སེལ་བའི་སེམས་དཔའ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་བཀའ་དྲིན་ཚད་མེད་པ་ཆོས་ཀྱིས་གསབ་པར་བྱ་བའི་ཕྱིར། [-] དགེ་བའི་སྦྱིན་བདག་མི་དབང་ནམ་མཁའ་བཟང་པོ་ཁུ་དབོན་པས་ཞལ་ཏ་དང། མཐུན་པའི་རྐྱེན་སྦྱར་ཏེ། རང་རང་གི་རིག་བྱེད་ལ་སྦྱང་བ་ཕུལ་དུ་བྱུང་བ་དཔར་མཁན་མཁས་པ་དགེ་སྦྱོང་ཡོན་ཏན་འོད་དང། སང་རྡོར་སོགས་ཀྱིས་དཔར་བརྐོ་བའི་རིག་བྱེད་པ་བགྱིས་ཤིང། ཤཱཀྱའི་དགེ་སྦྱོང་བསོད་ནམས་བློ་གྲོས་ཀྱིས་ཞུས་དག་པར་བགྱིས་ཏེ་ལེགས་པར་བསྒྲུབས་པ་འདི། དཔལ་ལྡན་བླ་མ་དམ་པས་རྗེས་སུ་བཟུང་ཞིང། ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་སྟོན་གྱི་དཔལ་ལ་ལོངས་སྤྱད་དེ། མཐར་ཀྱི་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་མངོན་དུ་བྱ་བའི་ཕྱིར་དུ་ཡོས་བུའི་ལོ་ཟླ་བ་དྲུག་པའི་དཀར་ཕྱོགས་ལ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཁྱད་པར་ཅན་ལ་དཔལ་ལྡན་འབྲས་སྤུངས་ཀྱི་སྡེ་ཆེན་དུ་རྫོགས་པར་གྲུབ་པའོ།། །།