R1138: མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣཾ་པར་བཤད་པ། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༨༠བ
[A:༨༠བ]Colophon, ff. 80b1-81a7 [...]Author Colophon, ff. 80b1-81a3 འདིའི་རྒྱུད་པ་ནི། དམ་པ་དང་པོའི་སངས་རྒྱས་འཁོར་ལོ་སྡོམ་པ་གཅིག། ཆོས་རྒྱལ་ཟླ་བ་བཟང་པོ་གཉིས། ཆོས་རྒྱལ་ལྷའི་དབང་པོ་གསུམ། ཆོས་རྒྱལ་གཟི་བརྗིད་ཅན་བཞི། ཆོས་རྒྱལ་ཟླ་བས་བྱིན་ལྔ། ཆོས་རྒྱལ་ལྷའི་དབང་ཕྱུག་དྲུག། ཆོས་རྒྱལ་སྣ་ཚོགས་གཟུགས་བདུན། ཆོས་རྒྱལ་ལྷའི་དབང་ལྡན་བརྒྱད། རིགས་ལྡན་འཇམ་དབྱངས་གྲགས་པ་དགུ། རིགས་ལྡན་པདྨ་དཀར་པོ་བཅུ། འཇམ་དབྱངས་སྤྲུལ་པ་བཅུ་གཅིག། ཙི་ལུ་པཎྜི་ཏ། བཅུ་གཉིས། པི་ཏོ་ཨཱ་ཙཱརྱ་བཅུ་གསུམ། དུས་ཞབས་ཆེ་བ་བཅུ་བཞི། དུས་ཞབས་ཆུང་བ་བཅོ་ལྔ། མཉྫུ་ཀིརྟི་བཅུ་དྲུག། ས་མན་ཏ་ཤྲི་བཅུ་བདུན། རྭ་ཆོས་ཀྱི་ཤེས་རབ་བཅོ་བརྒྱད། རྭ་ཡེ་ཤེས་སེང་གེ་བཅུ་དགུ། རྭ་འབུམ་སེང་ཉི་ཤུ། སྒ་ལོ་རྣམ་རྒྱལ་རྡོ་རྗེ་ཉེར་གཅིག། རོང་བ་ཤེས་རབ་སེང་གེ་ཉེར་གཉིས། ཀུན་མཁྱེན་འཕགས་འོད་ཉེར་གསུམ། ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་ཀྱི་རྗེ་ཉེར་བཞི། མཁན་ཆེན་དྷརྨ་ཤྲཱི་ཉེར་ལྔ། བླ་བྲང་པ་བཟང་པོ་དཔལ་ཉེར་དྲུག། བླ་བྲང་པ་ཉི་མ་རྒྱལ་མཚན་ཉེར་བདུན། བླ་བྲང་པ་བསོད་ནམས་དཔལ་འབྱོར་ཉེར་བརྒྱད། དམར་སྟོན་ཆོས་ཀྱི་རྒྱ་མཚོ་ཉེར་དགུ། མཁན་ཆེན་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་སུམ་ཅུ། དེས་བདག་ཨཱ་ནནྡ་ལའོ་སོ་གཅིག། ཡང་ན། སངས་རྒྱས་གཅིག ཕྱག་རྡོར་གཉིས། རིགས་ལྡན་གསུམ། དུས་ཞབས་པ་ཆུང་བ་བཞི་པ་ལྔ་པ། ཟླ་མགོན་དྲུག་པ། དཀོན་མཆོག་བསྲུང་བདུན་པ། སྒྲོ་སྟོན་བརྒྱད་པ། ཡུ་མོ་དགུ་པ། སྲས་བཅུ་པ། ནམ་འོད་གཉིས། སེ་མོ་ཆེ་ལ་བོ་དོང་རིན་པོ་ཆེ་གསུམ་པ། སྟག་སྡེབས་ཤོང་ཀ་མཆོག་ལྡན་བཞི། དབང་དཔལ་ལྡན་བླ་མ་བཅོ་བརྒྱད། གཟུངས་ཀྱི་དཔལ བཟང་རྒྱལ་ཉི་ཤུ། ཐར་པ་དཔལ་བཟང་་་་་་། དམར་སྟོན་ལ་གནམ་གང་རིན་པོ་ཆེ་ལས་དེས་བདག་ཨཱ་ནནྡ་ལའོ་་་་་། དང་པོའི་སངས་རྒྱས་ཆོས་རྒྱལ་ཟླ་བ་བཟང། ། ལྷ་ཡི་དབང་ཕྱུག་རྒྱལ་པོ་གཟི་བརྗིད་ཅན།།